ཁོང་གི་མཚན་ལ་ཝང་ཅིན་ལུང་ཟེར་བ་དང་ད་ལྟ་གཞིས་རྩེ་གྲོང་ཁྱེར་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱི་ཀྲུའུ་རེན་གྱི་འགན་བཞེས་ཀྱི་ཡོད། 2008ལོར་ལས་སྒོ་གཉེར་ཚུན། ཁོང་གིས་གཞིས་རྩེ་གྲོང་ཁྱེར་གྱི་རྫོང(ཆུས)18ལ་བཅའ་ཁྲིམས་ཀྱི་ཞབས་འདེགས་ཞུ་བར་བསྐྱོད་མྱོང་ཡོད། 2013ལོ་ནས་བཟུང་། ཝང་ཅིན་ལུང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པ་དང་། བཅུ་གཅིག་པ། བཅུ་གཉིས་པ་བཅས་ཀྱི་འཐུས་མིར་བསྟུད་མར་བདམས་ཤིང་། ཁོང་གིས་རང་འགུལ་རང་བཞིན་དང་ཧུར་བརྩོན་རང་བཞིན་འདོན་སྤེལ་གྱིས་ཕྱོགས་མང་པོ་ནས་ཆ་འཕྲིན་དང་དཔྱད་ཡིག་འཚོལ་བསྡུ་གནང་བ་དང་། ལས་རིགས་གཅིག་པ་དང་མང་ཚོགས་ཀྱི་བསམ་འདུན་རྒྱ་ཁྱབ་ངང་གསན་པ། བརྟག་དཔྱད་ཞིབ་འཇུག་ཡང་ཡང་གནང་ནས་ཡུལ་བབ་དམངས་འདུན་མཚོན་པའི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་གནང་བ་མ་ཟད། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁྲི་དང་ལས་འགན་ཡང་ནུས་ལྡན་བསྒྲུབས་ཡོད།
གཞི་རིམ་ནས་ཕེབས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝང་ཅིན་ལུང་གིས་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། ཐོག་མཐའ་བར་གསུམ་དུ་ཉམས་ཞན་ཚོགས་སྤྱིར་ཐུགས་ཁུར་དང་། སྤྱི་ཕན་བྱ་གཞག་ལ་དགའ་ཞེན། སྤྱི་ཚོགས་ཀྱི་འགན་འཁྲི་ལེགས་འཁུར། རང་འགན་གཙང་སྒྲུབ་བཅས་གནང་ཡོད། 2022ལོར་ཝང་ཅིན་ལུང་གིས་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་གཞི་བཙུགས་ཏེ་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱི་ཁྲིམས་རྩོད་པའི་ཆེད་ལས་ཀྱི་ལེགས་ཆ་ཧུར་ཐག་བཏོན་གནང་ཞིང་། 《བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས(ཁྲིམས་རྩོད་ལས་དོན་ཁང)ཚད་ལྡན་ཅན་འཛུགས་སྐྱོང་གི་སྒྱུར་བཅོས་ལག་བསྟར་ཇུས་གཞིའི》བླང་བྱ་ལྟར། སྤྱི་ཕན་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་དོན་ནུས་ལྡན་བསྒྲུབས་ཏེ་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི་ཁྱོན་370ཐག་གཅོད་གནང་བ་དང་། རིན་མེད་ངང་ཁྲིམས་དོན་ཡིག་རིགས་451བྲིས་གནང་བ། རིན་མེད་ངང་མི་ཐེངས་1000ལྷག་ཙམ་གྱི་བློ་འདྲི་དང་ལེན་གནང་བ། “12348”ཐད་སྦྲེལ་ཁ་པར་བརྒྱུད་མི་ཐེངས་259ལྷག་ཙམ་ལ་ཞབས་འདེགས་ཞུས་ཡོད། ཁྲིམས་རྩོད་པ་གྲོང་ཁྱེར་བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་སུ་བཅའ་སྡོད་བྱེད་པའི་ལས་རེས་ལམ་ལུགས་ལག་ལེན་བསྟར་བས། བཅའ་ཁྲིམས་རོགས་སྐྱོར་ལྟེ་གནས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུའི་ཆེད་ལས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོགས་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་མཐའ་འཁྱོངས་དང་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་བརྗིད་ཆེའི་འཆར་གཞི་གསར་པ་བཀོད་པ་ལས་ཝང་ཅིན་ལུང་གི་བློ་སྟོབས་རབ་ཏུ་འཕེལ། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝང་ཅིན་ལུང་གིས་རྒྱུན་སྲིང་ལྷོད་མེད་ངང་གང་སར་བསྐྱོད་པ་དང་། བསམ་གཞིག་གནང་བ། ཞབས་འདེགས་ཞུ་བ་བཅས་བྱས་ཏེ། བརྟག་ཞིབ་དང་། སྒྲོག་འགྲེལ། གཏུག་བཤེར། རོགས་སྐྱོབ་བཅས་བྱེད་རིམ་བཞིན་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བར་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།