《བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་དོན་གྲོས་ལམ་སྲོལ》གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གཏན་འབེབས་བྱས་དོན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོའི་གྲོས་གཞིར་བརྡས་ཐག་གཅོད་པའི་ཐད། ཕྱག་བརྐྱངས་ནས་བརྡས་ཐག་གཅོད་པའི་བྱ་ཐབས་སྤྱོད་རྒྱུ་དང་། འཐུས་མི་ཡོངས་ཀྱི་ཕྱེད་གྲངས་ལས་བརྒལ་ཚེ་གྲོས་འཆམ་བྱུང་བ་ཡིན།