གོ་གནས་ཕྱིར་འཐེན་གྱི་གཏན་འབེབས།
བསོད་ནམས་ཉི་མའི་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་གོ་གནས་ཕྱིར་འཐེན་བྱེད་རྒྱུ་དང་།
འཕྲིན་ལས་དབང་རྒྱལ་གྱི་བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཐིང་གི་ཐིང་ཀྲང་གི་གོ་གནས་ཕྱིར་འཐེན་བྱེད་རྒྱུ།
ཁྲེན་ཧྥན་ཡན་གྱི་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཐིང་ཀྲང་གི་གོ་གནས་ཕྱིར་འཐེན་བྱེད་རྒྱུ།
སྐལ་བཟང་གི་བོད་རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་གི་ཐིང་ཀྲང་གི་གོ་གནས་ཕྱིར་འཐེན་བྱེད་རྒྱུ།
འཇིགས་མེད་དབང་མཚོའི་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ཐིང་ཀྲང་གི་གོ་གནས་ཕྱིར་འཐེན་བྱེད་རྒྱུ།
གོ་གནས་བསྐོ་གཞག་གི་གཏན་འབེབས།
ཝེ་ཞིའུ་ཁྲང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོ་ གཞག་བྱེད་རྒྱུ་དང་།
ཞུས་ཀྲི་ཐའོ་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་བྱེད་རྒྱུ།
ཕྱིར་འཐེན།
མིག་དམར་ཚེ་རིང་གི་བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གཞོན་པ་དང་། ཞིབ་དཔྱོད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། ཞིབ་དཔྱོད་པ་བཅས་ཀྱི་གོ་གནས་ཕྱིར་འཐེན་བྱེད་རྒྱུ།
གོ་གནས་བསྐོ་གཞག་ལ་ཆོག་མཆན་ཐོབ་པ།
ཚེ་རིང་རྡོ་རྗེ་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་ལ་བསྐོ་གཞག་བྱེད་རྒྱུ།