དབུ་ཤོག>ཆེད་སྒྲིག
  • བྲག་གཡབ་རྫོང་གིས་རྒན་ཡོལ་ཞུས་པའི་ལས་བྱེད་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-04

    ཉེ་ཆར། བྲག་གཡབ་རྫོང་ཨུད་རྩ་འཛུགས་པུས(ལས་བྱེད་རྒན་གྲས་ཅུས)ཆེད་དོན་ཟུར་ཁྲིད་དང་། བཞུགས་མོལ་སྤེལ་རེས། གཅིག་སྡུད་སློབ་སྦྱོང་། རང་སྦྱོང་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་གཉེར་བ་རེད།

    རྫོང་དེས་རྫོང་གྲོང་དུ་བཅའ་སྡོད་རྒན་ཡོལ་ཞུས་པའི་མི་སྣའི་ཏང་ཀྲི་པུའི་ཧྲུའུ་ཅི་གདན་དྲངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་བརྗོད་དོན་གཙོ་བོ་དང་། དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་སོགས་ཀྱི་ཐད་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལ་བརྒྱུད་རིམ་ལྡན་པའི་ངང་གསལ་འགྲེལ་གཏིང་ཟབ་བྱས་པ་རེད། དེ་དང་དུས་མཚུངས“ཚོགས་ཆེན་ཉི་ཤུ་པ་ངའི་སེམས་སུ་འཆང”ཞེས་པའི་དཔེ་ཀློག་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་སློབ་སྦྱོང་བྱས་པའི་མྱོང་ཚོར་གླེང་བ་མ་ཟད། རང་ངོས་ཀྱི་ལོ་རྒྱུས་དང་བྲག་གཡབ་རྫོང་གི་ཉེ་བའི་ལོ་ཤས་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་དང་ཟུང་འབྲེལ་བྱས་ནས་སྤེལ་རེས་ཀྱང་བྱས་པ་རེད། རྫོང་དེའི་རྒན་ཡོལ་ཞུས་པའི་མི་སྣའི་ཏང་ཀྲི་པུའུ་གསུམ་གྱིས“དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ”གྱི་རྣམ་པ་སྣ་ཚོགས་ལ་བརྟེན་ནས། རྒན་ཡོལ་ཞུས་པའི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་མ་ཡིག་ཀློག་པ་དང་རྩ་བའི་རིགས་པ་རྟོགས་པར་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།