ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་ཞིང་འབྲོག་མང་ཚོགས་ཀྱི་ཉམས་འགྱུར་མངོན་པར་བྱ་ཆེད། ཉེ་ཆར། སྣང་རྫོང་གིས་ཞིང་འབྲོག་མང་ཚོགས་ཀྱི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་གཏམ་བཤད་འགྲན་བསྡུར་བྱས་པ་རེད།
སྣང་རྫོང་གི་ཤང(གྲོང་རྡལ)6ནས་ཡོང་བའི་འགྲན་ཞུགས་བདམས་ཐོན་པ་12ཀྱིས“དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནམ་ཡང་གནས། དཔྱིད་དྲོད་འཕེལ་ནས་མེ་ཏོག་བཞད་པས་བདེ་སྐྱིད་དཔལ་ལ་རོལ”ཞེས་པ་དང་། “མངའ་ཁོངས་སྲུང་བའི་འགན་འཁྲི་ཁུར་ནས་དུས་རབས་ཀྱི་འགན་འཁྲི་ཆུད་ཟོས་སུ་མི་གཏོང”“ཐོག་མའི་བསམ་འདུན་དང་ལས་འགན་ལག་བསྟར་བྱས་ནས་ངར་སེམས་ཆེར་བསྐྱེད་ཀྱིས་སླར་ཡང་མདུན་དུ་སྐྱོད”ཞེས་པ་སོགས་ཀྱི་བརྗོད་བྱ་གཙོ་བོར་དམིགས་ནས། རང་སོ་སོའི་གྲོང་ཚོའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་དུས་རབས་གསར་པའི་ལོ་བཅུའི་རིང་གི་གཞི་རིམ་གྱི་དཔལ་འབྱོར་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་། གྲོང་གསེབ་དར་རྒྱས། མཐའ་སྲུང་མཐའ་བརྟན་སོགས་ཐད་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ཕྱོགས་ཡོངས་ནས་རྒྱས་བཤད་བྱས་པ་དང་། དུས་རབས་གསར་པའི་ཞིང་འབྲོག་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ཧུར་ཐག་བྱེད་པའི་ཕན་འབྲས་དངོས་མངོན་པར་བྱས་པས་དེ་གར་ཡོད་པའི་མི་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ལ། ཐལ་མོའི་རྡེབ་སྒྲའང་ཡང་ཡང་གྲགས།