དབུ་ཤོག>ཆེད་སྒྲིག
  • ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་གིས་དམག་འཐབ་མཁར་རྫོང་བརྟན་དུ་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྣེ་ཁྲིད་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-22

    དགུན་ཁ་ཤར་བ་དང་བསྟུན་ནས་གནམ་གཤིས་རིམ་བཞིན་གྲང་དུ་ཕྱིན་ཡོད། འོན་ཀྱང་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོའི“ཏང་ཡོན་མང་ཚོགས་ཀྱི་ཇ་ཁང་ཆུང་ཆུང”དུ་དྲོ་སྐྱིད་ཀྱི་རྣམ་པས་ཁེངས་བཞིན་ཡོད། དེ་གར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་བྱེད་སྒོ་འཁྲུག་པོ་ཞིག་སྤེལ་བཞིན་ཡོད་པ་རེད།

    “ཏང་གི་ཚོགས་ཆེན་ཉི་ཤུ་པ་ག་དུས་འཚོགས་པ་རེད་དམ”“ཏང་གི་ཚོགས་ཆེན་ཉི་ཤུ་པའི་བརྗོད་དོན་གཙོ་བོ་གང་ཡིན་ནམ”

    བྱེད་སྒོ་སྤེལ་རིང་། གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཚོས་དྲི་བ་འདོན་པ་དང་ལན་རྒྱག་པའི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། དགའ་སྤྲོ་འཆམ་མཐུན་གྱི་རྣམ་པའི་ཁྲོད་དུ་ཚང་མས་སློབ་སྦྱོང་བྱས་པས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སྔར་བས་གོ་བ་གཏིང་ཟབ་ལོན་ཐུབ་ཡོད་པ་རེད།

    “ང་ཚོས་ཇ་ཁང་དུ་མི་མང་པོ་འཛོམས་པའི་ཁོར་ཡུག་སྤྱད་དེ‘དུས་རབས་གསར་པའི་ཆང་ཁྱིམ་གསར་པ’ཏང་ཡོན་མང་ཚོགས་ཀྱི་ཉམས་བཟང་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་སོགས་ཀྱི་ནང་དོན་འགྲེམས་སྟོན་བྱས་ཡོད་པ་དང་དུས་མཚུངས་ཇ་སྟོན་ཚོགས་འདུའི་རྣམ་པའི་ཐོག་ནས་རྟག་ཏུ་ཏང་གི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་སྦྱོང་སྒྲོག་འགྲེལ་བྱེད་སྒོ་སྤེལ་བས། མང་ཚོགས་ཀྱིས་ཉན་ཐུབ་པ་དང་། སྦྱོང་ཐུབ་པ། གོ་བ་ལེན་ཐུབ་པ་བཅས་དངོས་འབྲེལ་ཡོང་བ་བྱས་ཡོད”ཅེས་ཆང་ཁྱིམ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་དབྱང་ཏི་རུའུ་ཡིས་བཤད།

    ཆང་ཁྱིམ་གྲོང་ཚོའི་ཉེ་སར་ཡོད་པའི་སྟོད་པ་གྲོང་ཚོས་རང་སྟོབས་ཞིང་འཕྲུལ་ཡོ་ཆས་མཉམ་ལས་ཁང་བཙུགས་ཏེ། “ཏང་སྤྱི་ཁྱབ་ཀྲི་པུའུ་དང་། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་བྱེད་སྟངས་སྤྱད་ནས་ཞིང་ལས་ཐོན་སྐྱེད་འཕེལ་རྒྱས་བཏང་བས། ཏང་རྩ་འཛུགས་ཉིད“རྨོ་འདེབས་དང་བརྔ་བསྡུར”དོ་དམ་བྱེད་པའི་ལྟེ་བ་དང་སྲོག་ཤིང་དུ་འགྱུར་བར་སྐུལ་འདེད་ཐུབ་པ་དང་། དེང་རབས་ཅན་གྱི་ཞིང་ལས“མངགས་གཉེར”རྣམ་པར་གྱུར་ཏེ“མཉམ་ལས་ཁང་ལ་ཁེ་སྤོགས་ཡོད་པ་དང་། གྲོང་ཚོའི་མཉམ་སྡེབ་ལ་འབབ་འཕར་ཡོད་པ། མང་ཚོགས་ཕྱུག་པོ་ཆགས་པ”བཅས་བྱུང་བ་རེད།

    “སྐབས་དེ་དུས་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་མཉམ་ལས་ཁང་གི་དོ་དམ་ཚན་ཁག་བཙུགས་ནས། གྲོང་ཚོ་ཡོངས་ཀྱི་ཞིང་འབྲོག་པ་ཏང་ཡོན་ཚང་མ་སྔོན་ལ་མཉམ་ལས་ཁང་དུ་ཞུགས་པ་དང་། གྲོང་ཚོའི་ལས་བྱེད་པ་ཚོས་དུད་ཁྱིམ་རེ་རེ་བཞིན་དང་ཞིང་ནང་དང་མུ་ཁར་བསྐྱོད་དེ་སྲིད་ཇུས་འགྲེལ་བཤད་བརྒྱབ་ནས། མང་ཚོགས་མཉམ་ལས་ཁང་ལ་ཞུགས་རྒྱུའི་སྐུལ་སློང་བྱས་པ་རེད། ད་ཆ་མཉམ་ལས་ཁང་ལ་ཞུགས་མཁན་དུད་ཚང་76དང་། འཕྲུལ་ཆས་གཏོང་མཁན་དང་བཟོ་མཁན་10 བརྔ་བསྡུའི་འཕྲུལ་འཁོར་དང་། འདྲུད་འཐེན་འཕྲུལ་འཁོར། དོ་རྒྱག་འཕྲུལ་ཆས་སྣ་ཚོགས་16བཅས་ཡོད། གཞི་ཁྱོན་ཆེ་རུ་སོང་བས་རྨོ་འདེབས་བྱེད་ཚད་དང་ཐོན་སྐྱེད་ཀྱི་ཕན་འབྲས་ཀྱང་སྔར་བས་ལེགས་སུ་ཕྱིན་ཡོད”ཅེས་མཉམ་ལས་ཁང་གི་ཁོངས་མི་དང་ཞིང་འབྲོག་པ་ཏང་ཡོན་པ་སངས་ཀྱིས་བཤད།

    མཉམ་ལས་ཁང་བཙུགས་པའི་ལོ་དང་པོར་མུའུ་551ཟིན་པའི་བརྒྱུད་བཤུག་ས་ཞིང་རག་པ་དང་ཁྱོན་ཡོང་འབབ་སྒོར་ཁྲི་72རག་པས་མི་ཤུགས་དང་། དངུལ་ཤུགས། མ་གནས་བཅས་ཧ་ཅང་ཆུང་དུ་ཕྱིན་པ་དང་སྦྲགས་ས་ཞིང་ཐོན་སྐྱེད་ཀྱི་ཕན་འབྲས་ཀྱང་ཆེ་རུ་ཕྱིན་ཡོད། དེའི་ཁྲོད་དུ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་འགག་རྩའི་ནུས་པ་ཐོན་ཡོད་པ་རེད།

    སྟོད་པ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་བདེ་སྐྱིད་སྒྲོལ་དཀར་གྱིས“ང་ཚོའི་གྲོང་ཚོའི་ཞིང་ལས་འཕྲུལ་ཆས་ཆེད་ལས་མཉམ་ལས་ཁང་གིས་ཏང་འཛུགས་སྐྱོང་གིས་མཉམ་ལས་ཁང་འཕེལ་རྒྱས་ཀྱི་སྤྱིའི་བསམ་ཕྱོགས་ལ་སྣེ་ཁྲིད་བྱེད་པར་སྐུལ་འདེད་བཏང་བ་དང་། ཏང་སྤྱི་ཁྱབ་ཀྲི་པུས་སྣེ་ཁྲིད་དང་། མཉམ་སྡེབ་ཀྱིས་གཙོ་གཉེར། ཞིང་དུད་མ་རྐང་ནང་ཞུགས་པ་བཅས་ཀྱི་རྣམ་པ་ཁྱབ་གདལ་བཏང་བས། ཞིང་དུད་ཀྱི་ས་ཞིང་བརྒྱུད་བཤུག་དང་། ཐོན་སྐྱེད་མངགས་གཉེར་རྣམ་པ། མ་རྐང་མཉམ་ལས་རྣམ་པ་བཅས་ཀྱི་ཐོན་སྐྱེད་བྱེད་སྟངས་འཚོལ་ཞིབ་ཐུབ་ཡོད། དེས་ན་མང་ཚོགས་ཀྱི་ཧུར་སེམས་ཆེ་རུ་དང་མཉམ་ལས་ཁང་གི་ཚོང་གཉེར་གསོན་ཤུགས་འཕེལ་ཡོད”ཅེས་བཤད་པ་རེད།

    ཆང་ཁྱིམ་གྲོང་ཚོའི“ཏང་དང་མང་ཚོགས་ཀྱི་ཇ་ཁང་ཆུང་ཆུང”ཡིན་ནའང་འདྲ། ཡང་ན་སྟོད་པ་གྲོང་ཚོའི་ཏང་འཛུགས་སྐྱོང་གིས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་གང་ཡིན་རུང་ཚང་མས་ས་གནས་དེ་གའི་ཞིང་ལས་གྲོང་གསེབ་ཀྱི་དངོས་ཡོད་ཀྱི་རྨང་གཞིའི་ཐོག་རང་ཉིད་ཀྱི་གནས་ཚུལ་དང་འཚམ་པའི་ཏང་འཛུགས་སྐྱོང་གིས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་ལམ་བུའི་ཐོག་བསྐྱོད་ཡོད།

    འཕྱོངས་རྒྱས་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧན་ལེང་གིས་ཡུལ་བབ་དང་བསྟུན་ནས“ཀྲི་པུའུ་གཅིག་དང་ཁྱད་ཆོས་གཅིག”གི་སྤུས་ཚད་མཐོ་བའི་གཞི་རིམ་ཏང་འཛུགས་སྐྱོང་གི་སྤུས་རྟགས་བྱེད་སྒོ་སྤེལ་བ་བརྒྱུད། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་སྣེ་ཁྲིད་ནུས་པ། མང་ཚོགས་ཀྱི་སྒྲིག་འཛུཌ་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་སྔར་བས་ཆེ་རུ་ཕྱིན་པ་དང་། ཞིང་འབྲོག་ཁུལ་གྱི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དེ“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བའི་རྨང་གཞིའི་འགན་ལེན་ལ་བརྩིས་ནས། ཞིང་འབྲོག་ཁུལ་གྱི་གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྲ་བརྟན་དུ་བཏང་བས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་ཐུབ་ཡོད་ཅེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།