དབུ་ཤོག>ཆེད་སྒྲིག
  • ཏང་གི་གསུང་སྒྲ་མི་སེམས་སུ་ཟུག་པར་བྱེད་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-19

    “གཞི་རིམ་གྱི་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ཞིག་ཡིན་པའི་ངོས་ནས་པེ་ཅིང་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་རྒྱུ་བྱུང་བ་ནི་ངའི་ངོས་ནས་བརྗོད་ན། ཚེ་གང་བརྗེད་པར་དཀའ་བའི་བྱ་བ་ཞིག་རང་ཡིན། དེར་ང་རང་སྤོབས་པ་སྐྱེ་བ་དང་ཆབས་ཅིག འགན་འཁྲི་ཡང་ཧ་ཅང་ལྗིད་པོ་ཡིན་པ་ཚོར་གྱི་འདུག་ཅེས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སྐྱིད་པ་མོན་པ་མི་རིགས་ཤང་གི་ཤང་ཀྲང་བསོད་ནམས་བདེ་སྐྱིད་ཀྱིས་སེམས་འགུལ་ཐེབས་པའི་ངང་གསུངས།

    པེ་ཅིང་ནས་ལྷོ་ཁར་ལོག་རྗེས་བསོད་ནམས་བདེ་སྐྱིད་ཀྱིས་ཚོགས་འདུར་ཞུགས་པའི་མྱོང་ཚོར་ལེགས་སྒྲིག་ནན་ཏན་བྱེད་པ་དང་། སྒྲོག་འགྲེལ་གྱི་གནད་བསྡུས་བྲིས་རྗེས་ལམ་སེང་མཚོ་སྣ་རྫོང་གི་ལས་རིགས་ཁག་ཏུ་བསྐྱོད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པས། ཏང་གི་གསུང་སྒྲ་མི་སེམས་སུ་གཏིང་ཟབ་ཟུག་ཐུབ་པ་བྱུང་ཡོད།

    ཉིན་ཤས་གོང་བསོད་ནམས་བདེ་སྐྱིད་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོར་གནས་པའི་ལེགས་པོ་མཐའ་མཚམས་མངགས་གཏོང་ཁང་དུ་བསྐྱོད་ནས་མཐའ་སྲུང་མི་དམངས་ཉེན་རྟོག་པར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གཏིང་ཟབ་གནང་བ་རེད། འཐུས་མི་བསོད་ནམས་བདེ་སྐྱིད་ཀྱི་སྒྲོག་འགྲེལ་ཉན་ཆེད། མཚོ་སྣའི་མཐའ་མཚམས་དོ་དམ་རུ་ཆེན་དང་། སྒྱིད་ཕུ་མཐའ་མཚམས་མངགས་གཏོང་ཁང་། ཀོང་རི་མཐའ་མཚམས་མངགས་གཏོང་ཁང་བཅས་ཀྱི་མི་དམངས་ཉེན་རྟོག་པ་ཡང་དེ་གར་ཡོང་བ་རེད།

    སྒྲོག་འགྲེལ་ནང་བསོད་ནམས་བདེ་སྐྱིད་ཀྱིས་རང་ཉིད་ཀྱི་མཐོང་ཐོས་དང་མྱོང་ཚོར་གླེང་ནས་རང་ངོས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལ་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གཏིང་ཟབ་གནང་བ་རེད།

    “ས་གནས་ས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅིའི་སྙན་སྒྲོན་ཉན་རྒྱུ་བྱུང་བ་དང་ཁོང་གིས་གསུངས་པའི་བཀའ་མོལ་རེ་རེ་ལས་མི་སེམས་ལ་སྐུལ་མ་ཐེབས་ཀྱི་འདུག སྤྱི་ཁྱབ་ཧྲུའུ་ཅིས‘གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་དང་མི་རིགས་ས་ཁུལ་འཕེལ་རྒྱས་མགྱོགས་པོ་འགྲོ་བར་རྒྱབ་སྐྱོར་བྱས་ནས་མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་མཐའ་དར་དམངས་ཕྱུག་དང་མཐའ་བརྟན་མཐའ་སྲུང་ཡོང་བར་སྐུལ་འདེད་གཏོང་དགོས’ཞེས་གསུངས་པ་དེ་ཐོག་ནས་ཏང་དང་སྲིད་གཞུང་གིས་ང་ཚོ་མཐའ་མཚམས་མི་རིགས་ས་ཁུལ་ལ་མཐོང་ཧ་ཅང་ཆེན་པོ་གནང་ལུགས་མཚོན་པས། ང་ཚོས་བྱ་སྤྱོད་ཧུར་ཐག་སྤེལ་ནས་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་འཚོ་བ་ཇེ་ལེགས་ཇེ་བཟང་ཡོང་བ་བྱེད་དགོས”ཞེས་བསོད་ནམས་བདེ་སྐྱིད་ཀྱིས་ནན་ཏན་ངང་སྒྲོག་འགྲེལ་གནང་སྐབས། འཆད་སྟེགས་འོག་གི་མི་དམངས་ཉེན་རྟོག་པས་བློ་རྩེ་གཅིག་སྒྲིམ་ངང་སྒྲོག་འགྲེལ་ཉན་ནས་དགའ་བསུ་ཡང་ཡང་ཞུས་ཏེ་ཚང་མས་ཏང་དང་རྒྱལ་ཁབ་ལ་བརྩེ་བ་ཟབ་མོ་འཆང་ལུགས་མཚོན་པར་བྱས།

    “འཐུས་མི་བསོད་ནམས་བདེ་སྐྱིད་ཀྱི་སྒྲོག་འགྲེལ་ཉན་རྗེས་ང་ཚོར་སེམས་འགུལ་ཆེན་པོ་ཐེབས་བྱུང་། གོམ་སྟབས་རྗེས་མར་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བའི་བསམ་པའི་ཉམས་འགྱུར་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ལ་བརྟེན་ནས་ལས་གནས་ཐོག་གཞི་ཚུགས་པ་དང་འབད་བརྩོན་ཧུར་ཐག་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་མཐའ་མཚམས་ས་ཁུལ་གྱི་ཞི་མཐུན་བརྟན་ལྷིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ནུས་པ་གང་ཡོད་འདོན་གྱི་ཡིན”ཞེས་མི་དམངས་ཉེན་རྟོག་པ་ཚོས་གཅིག་རྗེས་གཉིས་མཐུད་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།