“མཐའ་འཁྱོངས”ལྔ།
མདུན་སྐྱོད་ཀྱི་འགྲོ་ལམ་དུ་ངེས་པར་དུ་གཤམ་གསལ་གྱི་རྩ་དོན་ཁོང་དུ་ནན་པོ་ཆུད་དགོས་པ་སྟེ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱེད་དགོས་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་དགོས་པ། སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས།
“དེང་རབས་ཅན”ལྔ།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཡིན། དེར་རྒྱལ་ཁབ་ཁག་གི་དེང་རབས་ཅན་གྱི་ཐུན་མོང་གི་ཁྱད་ཆོས་ལྡན་ཡོད་ལ། རང་རྒྱལ་ཁབ་ཀྱི་གནས་ཚུལ་གཞི་རྩར་བྱས་པའི་ཀྲུང་གོའི་ཁྱད་ཆོས་དེ་བས་ཀྱང་ལྡན་ཡོད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་འབོར་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་དང་། མི་དམངས་ཡོངས་རྫོགས་མཉམ་དུ་ཕྱུག་པོར་འགྱུར་བའི་དེང་རབས་ཅན། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་བྱེད་པའི་དེང་རབས་ཅན། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱེད་པའི་དེང་རབས་ཅན། ཞི་བའི་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པའི་དེང་རབས་ཅན་བཅས་ཡིན།
“རྒྱལ་ཁབ”འཛུགས་སྐྲུན་བཅུ་བདུན།
ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་སྤྱིའི་འཐབ་ཇུས་བཀོད་སྒྲིག་གོམ་སྟབས་གཉིས་སུ་ཕྱེ་ཡོད་པ་སྟེ། 2020ལོ་ནས་2035ལོ་བར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུ་དང་། 2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ། ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་བསྐྲུན་རྒྱུ་དེ་རེད།
བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་དང་། སྤུས་ཚད་རྒྱལ་ཁབ་སྟོབས་ཆེན། མཁའ་སྐྱོད་རྒྱལ་ཁབ་སྟོབས་ཆེན། འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན། དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན། ཞིང་ལས་རྒྱལ་ཁབ་སྟོབས་ཆེན། གྲངས་འཛིན་ཀྲུང་གོ ཚོང་དོན་རྒྱལ་ཁབ་སྟོབས་ཆེན། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན། ཚན་རྩལ་རྒྱལ་ཁབ་སྟོབས་ཆེན། རིག་གནས་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ཆེན། མཛེས་སྡུག་ལྡན་པའི་ཀྲུང་གོ ལུས་རྩལ་རྒྱལ་ཁབ་སྟོབས་ཆེན། བདེ་ཐང་ཀྲུང་གོ དུས་བདེའི་ཀྲུང་གོ ཁྲིམས་སྐྱོང་ཀྲུང་གོ