དབུ་ཤོག>ཆེད་སྒྲིག
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལྷོ་བྲག་རྫོང་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-16

     ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་བོད་ལྗོངས་སློབ་ཆེན་གྱི་ཏང་ཨུད་ཧྲུའུ་ཅི་ཉི་མ་ཚེ་རིང་གིས་རུ་སྣེ་ཁྲིད་དེ། ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་སྲས་ཤང་དང་སྲས་མཁར་དགུ་ཐོག་ཏུ་ཕེབས་ནས་གྲོང་གསེབ་ཀྱི་ལས་བྱེད་པ་དང་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།

    ཉི་མ་ཚེ་རིང་གིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཕྱོགས་ཡོངས་ནས་གོ་རིམ་ལྡན་པ་དང་། གཙོ་གནད་མངོན་གསལ་དོད་པ། གོ་བདེ་ཤེས་སླའི་རྣམ་པར་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དོན་སྙིང་གལ་ཆེན་དང་། དགོངས་དོན་གྱི་ངོ་བོ། དོན་སྙིང་གཙོ་བོ། ཕུན་སུམ་ཚོགས་པའི་ནང་དོན་བཅས་གསལ་འགྲེལ་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་ནི་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོ་ཡིན་པས། ལས་བྱེད་པ་དང་མང་ཚོགས་དང་དགོན་སྡེའི་གྲྭ་བཙུན་གྱིས་རང་རྟོགས་ངང་བསམ་བློ་དང་བྱ་སྤྱོད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། བློ་གྲོས་དང་སྟོབས་ཤུགས་ཡོད་ཚད་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ཁག་མངོན་འགྱུར་བྱེད་པའི་ཐད་གཅིག་སྡུད་བྱས་ཏེ། ནང་སེམས་ལ་འཇགས་པ་དང་ཕྱི་བྱ་སྤྱོད་ལ་འཁྱོལ་བར་བྱས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ལས་གནས་སུ་གཞི་ཚུགས་ཏེ་སྦྱོང་སྤྱོད་བསམ་གསུམ་ཟུང་འབྲེལ་དང་ཤེས་སྦྱོར་དད་གསུམ་གཅིག་གྱུར་ཡོང་བར་བྱས་ནས་མཐུན་སྒྲིལ་འབད་འཐབ་ཀྱིས་དོན་འཁྱོལ་ལ་དམ་འཛིན་དང་གྲུབ་འབྲས་དངོས་ལ་བརྟེན་ནས་ལྷོ་བྲག་གི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།