ཚེས་12ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་འཚོགས་པ་རེད། རང་སྐྱོང་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་དང་། ལྗོངས་དོ་དམ་གཞུངས་ཁོངས་ཁེ་ལས་གཞུང་དོན་ཁང་། རྩ་འཛུགས་མི་དོན་ཁྲུའི་སྡེ་ཚན་བཅས་ཀྱི་འགན་འཁུར་བློ་མཐུན་དང་། གྲོང་ཁྱེར(ས་ཁུལ)ཐད་གཏོགས་ཡན་ལག་ཚན་པའི་གཞུང་དོན་ཁང་དང་མི་དོན་ལས་དོན་གྱི་འགན་འཁུར་མི་སྣ། རྫོང(ཆུས)ཨུད་ཀྱི་རྩ་འཛུགས་པུའུ་ཀྲང་བཅས་ཁྱོན་མི་576གསོ་སྦྱོང་ལ་ཞུགས་ཡོད།
ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་ནི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གཅིག་སྡུད་རེས་སྐོར་གསོ་སྦྱོང་གི་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཟུང་འབྲེལ་དང་། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བཅས་དང་ཟུང་འབྲེལ་བྱེད་པའི་བྱ་སྤྱོད་ཞིབ་ཕྲ་ཡིན་པ། ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་རང་ལྗོངས་ཀྱི་རྫོང་དང་ཁྲུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པའི་ངོ་བོའི་བླང་བྱ་ཞིག་རེད།