དབུ་ཤོག>ཆེད་སྒྲིག
  • ཁྲེན་ཡུང་ཆིས་བོད་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-13

    ཚེས་8ཉིན་གྱི་དགོང་མོ་ལྗོངས་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལུའོ་མེ་རང་ལྗོངས་ཀྱི་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་པ་དང་། རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པའི་འགན་འཁུར་བློ་མཐུན་རང་རང་སོ་སོའི་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་ཡོད། ཚོགས་འདུ་གྲོལ་རྗེས་ཁྲེན་ཡུང་ཆིས་འཕྲལ་དུ་ལྗོངས་ཡོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་གཙོ་སྐྱོང་གནང་ནས། རྒྱལ་ཡོངས་ཀྱི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། རང་ལྗོངས་ཀྱི་མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།

    ཁྲེན་ཡུང་ཆིས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འཕྲད་པའི་དུས་བབ་གསར་པ་དང་བླང་བྱ་གསར་པ་སྟངས་འཛིན་ཡང་དག་བྱེད་དགོས། མགྱོགས་མྱུར་བཀོད་སྒྲིག་བྱས་ནས། ས་གནས་དང་གྲོང་ཁྱེར་ཁག་གིས་རྒྱལ་ཁབ་ཀྱི་བླང་བྱ་ལྟར་དེ་བས་ཞིབ་ཚགས་དང་དེ་བས་ཞིབ་ཕྲ་ཅན་གྱི་བྱ་ཐབས་བཟོས་ཏེ། ཕྱོགས་ཡོངས་ནས་ལག་བསྟར་ཐུབ་པའི་འགན་ལེན་བྱེད་དགོས་པ་ལས་འཁྲི་འགན་རིམ་སྣོན་གཏན་ནས་བྱེད་མི་རུང་བ་དང་། གཙོ་གནད་ལས་དོན་ཁག་ཡག་པོ་བསྒྲུབས་ནས་སྲིད་ཇུས་གསལ་འགྲེལ་དང་ཚན་རིག་ཁྱབ་གདལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྨན་རྫས་དང་ནད་འགོག་གཞི་རྐྱེན་གྱི་ཚོད་ལྟའི་སྨན་རྫས་སོགས་རིམས་འགོག་དངོས་རྫས་མཁོ་སྤྲོད་འགན་ལེན་བྱེད་དགོས། རྒན་རྒོན་དང་ལྷག་པར་དུ་ལོ་80ཡན་གྱི་མི་ཚོགས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཐོག སྤྱི་ཚོགས་ཀྱི་སྤྱི་དམངས་མི་སྒེར་གྱི་འགོག་སྲུང་འདུ་ཤེས་ཕྱོགས་ཡོངས་ནས་ཟབ་ཏུ་བཏང་སྟེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་དང་པོ་ཡག་པོ་སྲུང་དགོས། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི“དྲ་མཐིལ”དང་ཁྱིམ་ཚང་གི་བདེ་ཐང“སྒོ་སྲུང་བའི”ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། བདེ་ཐང་ཞབས་ཞུ་དོ་དམ་དང་དུད་ཚང་དུ་བསྐྱོད་ནས་བརྟག་དཔྱད་སོགས་ཀྱི་བྱེད་ཐབས་བརྒྱུད། རྒན་རྒོན་དང་། གཞི་ནད་ཡོད་མཁན་སོགས་གཙོ་གནད་མི་ཚོགས་ལ་ཡིག་ཚགས་དང་གཱ་གང་མགྱོགས་བཟོ་དགོས། སྨན་བཅོས་ཐོན་ཁུངས་གྲབས་གསོག་ལ་ཤུགས་སྣོན་བརྒྱབ་ནས། གནས་གཏན་འཁེལ་གྱི་སྨན་ཁང་ཕལ་པ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། ནད་གཞི་ལྕི་རིགས་ཀྱི་ཉལ་ཁྲི་མང་དུ་གཏོང་བ། ནད་གཞི་ལྕི་རིགས་ཀྱི་སྨན་བཅོས་སྒྲིག་ཆས་སྒྲིག་སྦྱོར་བཅས་བྱེད་དགོས། ཚ་རྒྱས་སྒོ་བསྟེན་སྨན་ཁང་བཀོད་སྒྲིག་བྱེད་དགོས་རིགས་བཀོད་སྒྲིག་དང་འཛུགས་དགོས་རིགས་འཛུགས་པ་དང་། རིམ་པ་གཉིས་པ་ཡན་གྱི་སྨན་ཁང་ཚང་མར་ཚ་རྒྱས་སྒོ་བསྟེན་སྨན་ཁང་འཛུགས་དགོས། རིམ་དབྱེའི་ནད་བརྟག་སྨན་བཅོས་དང་། ཐོག་མའི་ནད་དཔྱད་འགན་འཁུར་སོགས་ཀྱི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་རྒྱུན་གཏན་གྱི་ནད་བརྟག་སྨན་བཅོས་དང་ཉེན་ཆེའི་ནད་གཞི་སྐྱོབ་བཅོས་ལས་དོན་རྒྱུན་གཏན་བཞིན་འཁོར་སྐྱོད་ཐུབ་པར་བྱས་ནས། མང་ཚོགས་ཀྱི་སྨན་བཅོས་དགོས་མཁོ་སྐོང་ཐུབ་པའི་འགན་ལེན་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་འགན་འཁྲི་ནན་དུ་བཏང་ནས། དངོས་ཐོག་བདེན་འཚོལ་གྱིས་རྩིས་ཁྲ་བཟོ་བ་དང་། གྲངས་གཞི་འབུལ་བ། སྨན་བཅོས་ཐོན་ཁུངས་བཀོད་གཏོང་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས། བྱ་ཐབས་ཁག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།