དབུ་ཤོག>ཆེད་སྒྲིག
  • བོད་ཀྱིས་བྱ་ཐབས་ཁག་བཅུ་དགུ་བཏོན་ནས་ཤེས་ལྡན་པའི་སྟོབས་ཆེའི་ལྗོངས་བསྐྲུན་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-12

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། “དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་སྣོན་རྒྱག་པ་བཅས་བྱ་ཆེད། རང་སྐྱོང་ལྗོངས་ཀྱིས《དུས་རབས་གསར་པའི་བོད་ཀྱི་ཤེས་ལྡན་པའི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག(ཚོད་ལྟའི་ལག་བསྟར)》(གཤམ་དུ《བྱ་ཐབས་འགའ་ཞིག》ཅེས་བསྡུ་རྒྱུ)བཟོས་ནས་བཏོན་ཏེ། ཤེས་ལྡན་པའི་སྟོབས་ཆེའི་ལྗོངས་ཀྱི་འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་ཏེ་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཤེས་ལྡན་པའི་ལས་དོན་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཡོད། 《བྱ་ཐབས་འགའ་ཞིག》ལ་ཁྱོན་བསྡོམས་ནང་དོན་19ཡོད་ཅིང་། ཤེས་ལྡན་པ་གསོ་སྐྱོང་དང་། ཤེས་ལྡན་པ་ནང་འདྲེན། ཤེས་ལྡན་པ་བཀོལ་སྤྱོད། ཤེས་ལྡན་པ་གནས་ཐུབ་པ་སོགས་ནས་ལྕག་སྐུལ་སྲིད་ཇུས་བཟོས་ཏེ་ཤེས་ལྡན་པ་ཕུལ་བྱུང་འབུར་དུ་ཐོན་པའི་ལས་ཀའི་ལམ་སྲོལ་ཧུར་ཐག་ཆགས་པ་དང་ཕྱོགས་ཁག་གི་ཤེས་ལྡན་པ་ཕུལ་བྱུང་གཅིག་སྡུད་ཀྱིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤེས་ལྡན་པའི་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུ་རེད།

    ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་འདུ་འགོད་ལག་ལེན་བསྟར་ནས་རྗེས་གྲབས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། “ཇོ་མོ་གླང་མའི་ཤེས་ལྡན་པ་རྩེ་གྲའི”འཆར་གཞི་ལག་ལེན་བསྟར་ནས་ལོ་ལྟར་ཇོ་མོ་གླང་མའི་འཐབ་ཇུས་ཤེས་ལྡན་པ་དང་། ཇོ་མོ་གླང་མའི་སྣེ་ཁྲིད་ཤེས་ལྡན་པ། ཇོ་མོ་གླང་མའི་རྩེར་སོན་ཤེས་ལྡན་པ། ཇོ་མོ་གླང་མའི་ན་གཞོན་ཤེས་ལྡན་པ། ཚན་རྩལ་གསར་གཏོད་ཚོགས་པ་བཅས་ཁག་གཅིག་བདམས་ནས་རྒྱབ་སྐྱོར་བྱས་ཏེ་རོགས་སྐྱོར་གྱི་དུས་ཡུན་ལོ་ལྔའི་རིང་འཚོ་བའི་ཁ་གསབ་དང་རྣམ་གྲངས་ཀྱི་འགྲོ་གྲོན་ཐད་རྒྱབ་སྐྱོར་བྱ་རྒྱུ་དང་རྣམ་གྲངས་ཀྱི་འགྲོ་གྲོན་མཐོ་ཤོས་སྒོར་ཁྲི་1000རེ་ཞུ་བྱེད་ཆོག་གི་ཡོད། སློབ་རྒྱུས་མཐོ་རུ་གཏོང་བའི་བྱ་སྤྱོད་སྤེལ་ནས་ལས་ཐོག་ཤེས་ལྡན་པ་ཞིབ་འཇུག་སློབ་མར་འགྲོ་བར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། རྒྱལ་ཡོངས་ཀྱི་རྩེར་སོན་མཐོ་སློབ་དང་འབྲེལ་བ་བྱས་ཏེ་བོད་ལ་ཁ་ཕྱོགས་གཏན་འཁེལ་གྱིས་འབུམ་རམས་པའི་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱ་རྒྱུ་རེད།

    ཤེས་ལྡན་པ་ནང་འདྲེན་གྱི་འདུ་འགོད་ལག་ལེན་བསྟར་ནས་གནམ་འོག་གི་ཤེས་ལྡན་པ་རྒྱ་ཁྱབ་ངང་བསྡུ་ལེན་བྱ་རྒྱུ། ནང་འདྲེན་བྱས་པའི་ཤེས་ལྡན་པའམ་ཡང་ན་ལྗོངས་ཕྱིའི་ཤེས་ལྡན་པས“ཇོ་མོ་གླང་མའི་ཤེས་ལྡན་པ་རྩེ་གྲའི”འཆར་གཞི་རེ་འདུན་ཞུ་བར་རྒྱབ་སྐྱོར་བྱ་རྒྱུ་རེད། བབ་བསྟུན་གྱི་སྒོ་ནས་ཤེས་ལྡན་པ་ནང་འདྲེན་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་བོད་དུ་སླེབས་པའི་ལས་བྱེད་པའི་གླ་ཕོགས་གསབ་སྤྲོད་ཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ཏེ་བབ་བསྟུན་གྱི་སྒོ་ནས་ནང་འདྲེན་བྱས་པའི་ཤེས་ལྡན་པར་གླ་ཕོགས་ཁ་གསབ་བྱ་རྒྱུ་མ་ཟད། རིམ་པ་མཐོ་བའི་ཤེས་ལྡན་པ་བབ་བསྟུན་ནང་འདྲེན་བྱེད་མཁན་མི་སྤྱོད་ཚན་པར་ལས་ཀའི་འགྲོ་གྲོན་ཁ་གསབ་བྱ་རྒྱུ་རེད། མཁོ་གལ་ཆེ་ཞིང་ཁ་ཐང་བའི་ཤེས་ལྡན་པ་ནང་འདྲེན་བྱེད་སྟངས་ལ་འགྱུར་ལྡོག་བཏང་སྟེ། ཤེས་ལྡན་པ་ནང་འདྲེན་བྱེད་པའི་དུས་ཚོད་ལེགས་སྒྲིག་དང་ནང་འདྲེན་བྱས་པའི་ཤེས་ལྡན་པའི་ཐོབ་ཆ་མཐོ་རུ་གཏོང་རྒྱུ་རེད། རིམ་པ་མཐོ་བའི་ཤེས་ལྡན་པ་ནང་འདྲེན་བྱེད་པའི་སྒྲིག་ཁོངས་འགན་སྲུང་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ཤེས་ལྡན་པ་བསྡུ་སྤྱོད་ལ་སྐུལ་མ་གཏོང་བའི་བྱེད་ཐབས་སྤྱད་དེ་ཤེས་ལྡན་པ་འོས་སྦྱོར་བྱེད་མཁན་ལས་ཁུངས་སམ་ཡང་ན་མི་སྒེར་ལ་བྱ་དགའ་སྤྲོད་རྒྱུ་རེད།

    ཤེས་ལྡན་པ་བཀོལ་སྤྱོད་འདུ་འགོད་ལག་ལེན་བསྟར་ནས་གསར་གཏོད་ལས་གཏོད་ལ་ལྕག་སྐུལ་བྱ་རྒྱུ། ཚན་ཞིབ་གསར་གཏོད་ཀྱི་ལས་སྟེགས་གཏོད་རྒྱུར་རྒྱབ་སྐྱོར་བྱས་ནས་གཙོ་གནད་ཚོད་ལྟ་ཁང་དང་། ལག་རྩལ་གསར་གཏོད་ལྟེ་གནས། དེ་བཞིན་ཡོན་ཧྲིའི་ལས་དོན་ས་ཚིགས། མཆོག་རམས་པའི་ཚན་ཞིབ་སྐོར་སྐྱོད་ས་ཚིགས(ལས་དོན་ས་ཚིགས)སོགས་ལ་གྲོན་དངུལ་རྒྱབ་སྐྱོར་བྱ་རྒྱུ་རེད། “མིང་འདོན་སྣེ་ཁྲིད”ལམ་སྲོལ་ཟབ་ཏུ་བཏང་ནས་ཚན་ཞིབ་འགག་སྒྲོལ་ལེགས་སྒྲུབ་དང་འབྲེལ་བོད་དུ་གཞན་སྒྱུར་གྲུབ་འབྲས་ལ་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བྱུང་རིགས་ལ་རོགས་སྐྱོར་གྱི་བྱ་དགའི་དངུལ་དང་འཕེལ་རྒྱས་ལ་རྒྱབ་སྐྱོར་གྱི་བྱ་དགའི་དངུལ་སྤྲོད་རྒྱུ་རེད། རིམ་པ་མཐོ་བའི་ཤེས་ལྡན་པའམ་ཡང་ན་ཡུན་རིང་ལས་ཀ་བྱ་ཡུལ་ཁེ་ལས་ལ“ཤེས་ལྡན་པའི་དངུལ་བུན”ཞབས་འདེགས་ཞུ་རྒྱུ་དང་རང་སྐྱོང་ལྗོངས་ནོར་སྲིད་ནས་སྐྱེད་ཀ་ཁ་གསབ་སྤྲོད་རྒྱུ་རེད། གསར་གཏོད་ལས་གཏོད་ཤེས་ལྡན་པའམ་ཡང་ན་ཚོགས་པ་བོད་དུ་གྲུབ་འབྲས་གཞན་སྒྱུར་དང་། རྣམ་གྲངས་གསར་སྤེལ། ཁེ་ལས་གཉེར་འཛུགས་བཅས་ལ་ཡོང་བར་སྐུལ་ལྕག་བྱ་རྒྱུ་དང་། སྲིད་གཞུང་གི་མ་འཇོག་ཀུང་སི་གསར་གཏོད་ལས་གཏོད་རྣམ་གྲངས་ནང་ཞུགས་པ་དང་སྲིད་གཞུང་གི་མ་འཇོག་འཕར་ཐང་གི་ཡོང་འབབ་ཁག་གཅིག་ཐད་ཀར་བྱ་དགའི་ཐད་སྤྱོད་རྒྱུ་རེད། སྲིད་ཇུས་ཀྱི་ཚད་གཞི་གཅིག་གྱུར་དང་གཏན་འབེབས་ལག་བསྟར་ནན་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་མི་སྤྱོད་སྡེ་ཚན་དང་ཚན་ཞིབ་མི་སྣར་རང་བདག་དབང་ཆ་སྔར་ལས་མང་བ་སྤྲོད་རྒྱུ་རེད།

    ཤེས་ལྡན་པ་གནས་ཐུབ་པའི་འདུ་འགོད་ལག་ལེན་བསྟར་ནས་ཁོར་ཡུག་བཟང་པོ་བསྐྲུན་རྒྱུ། དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི“གཅིག་འཐུས་རྣམ་པའི”ཤེས་ལྡན་པའི་ཞབས་ཞུའི་ལས་སྟེགས་བཏོད་དེ“ཇོ་མོ་གླང་མའི་ཤེས་ལྡན་པའི་བྱང་བུ”ཁྱབ་གདལ་བཏང་སྟེ་ཕུལ་བྱུང་ཤེས་ལྡན་པར་ལས་ཀ་དང་འཚོ་བའི་ཐད་སྟབས་བདེ་དང་གཟིགས་སྐྱོང་གི་ཞབས་འདེགས་ཞུ་བ་དང་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་ཤེས་ལྡན་པར་སྡོད་ཁང་འགན་ལེན་བྱ་རྒྱུ་རེད། འཛམ་གླིང་རིམ་པའམ་ཡང་ན་རྒྱལ་ཁབ་རིམ་པའི་ཤེས་ལྡན་པའི་རྣམ་གྲངས་ནང་ཚུད་པ་དང་འཛམ་གླིང་རིམ་པའམ་ཡང་ན་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ་པའི་ཤེས་ལྡན་པར་ལེ་ལག་ཚང་བའི་བྱ་དགའ་སྤྲོད་རྒྱུ་དང་སྲིད་གཞུང་གིས་ཤེས་ལྡན་པའི་གསར་སྤེལ་ཐད་མ་འཇོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་རེད།

    《བྱ་ཐབས་འགའ་ཞིག》ནང་། ཏང་ཨུད་ཀྱི་གཅིག་གྱུར་འགོ་ཁྲིད་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། རྩ་འཛུགས་སྡེ་ཚན་གྱིས་སྣེ་ཁྲིད་དེ་སྤྱི་ཡོངས་དམ་འཛིན། འགན་ནུས་སྡེ་ཚན་གྱིས་རང་འགན་གཙང་སྒྲུབ་དང་གཞོགས་འདེགས་དམ་ཟབ། སྤྱི་ཚོགས་སྟོབས་ཤུགས་རྒྱ་ཁྱབ་ངང་ཞུགས་པ་བཅས་ཀྱི་ཤེས་ལྡན་པའི་ལས་དོན་གྱི་རྣམ་པ་ཞིག་ཆགས་པ་བྱེད་དགོས་པ་དང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་དུས་བཀག་ལྟར་ཤེས་ལྡན་པའི་ལས་དོན་ལ་ཞིབ་འཇུག་དང་འགན་འཁུར་བློ་མཐུན་གཙོ་བོས་ཤེས་ལྡན་པའི་ལས་དོན་ལ་དམ་འཛིན་བྱས་ནས་ཤེས་ལྡན་པའི་ལས་དོན་གྱི་བྱ་ཐབས་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།