དབུ་ཤོག>ཆེད་སྒྲིག
  • རིམས་འགོག་བྱེད་པར་མི་ཚང་མ་སོ་སོའི་བདེ་ཐང་གི་འགན་འཁུར་བ་དང་པོ་ཡིན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།   |     སྤེལ་དུས།  2022-12-02

    ཡང་ནས་ཡང་དུ་མཆེད་ནས་ཡུན་རིང་འཇགས་ཐབས་མེད་པའི་ཏོག་གསར་གློ་ཚད་རིམས་ནད་ལ། ཀྲུང་གོ་མི་དམངས་ཀྱིས་བློ་སེམས་གཅིག་ཏུ་མཐུན་ནས་འགོག་རྒོལ་བྱེད། འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་མཁན་སྨན་དོན་མི་སྣ་དང་སྡེ་ཁུལ་ལས་དོན་པ་ནས་དམངས་འཚོ་འགན་ལེན་རྒྱུན་མཐུད་བྱེད་མཁན་ཟོག་འཁོར་ཁ་ལོ་བ་དང་མྱུར་སྐྱེལ་བ་དང་། རང་རྟོགས་ངང་ཁ་རས་རྒྱག་པ་དང་རང་འགུལ་ངང་ཉིང་སྐྱུར་བརྟག་དཔྱད་བྱེད་པ་སོགས་ཀྱི་བྱ་སྤྱོད་ཚང་མ་རིམས་ནད་འགོག་སྲུང་དྲ་བའི་ཆ་ཤས་རེ་རེར་གྱུར་ཡོད།

    ཨོ་སྨི་ཁེ་རོན་ངོ་འགྱུར་དུག་སྲིན་མཆེད་རྗེས། འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་མང་ཆེ་བའི་རིམས་ནད་དུས་ཡུན་ཐུང་ངུའི་ནང་གློ་བུར་ཛ་དྲག་ཏུ་ཕྱིན་པ་རེད། ཡིན་ན་ཡང་ཀྲུང་གོར་ང་ཚོ་རྡོག་རྩ་གཅིག་སྒྲིལ་དང་ཀུན་སེམས་གཅིག་མཐུན་གྱི་འགོག་སྲུང་འཛིང་རགས་བརྟན་པོ་ཡོད་པའི་ཁར་མང་ཚོགས་ཀྱིས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་འགོག་སྲུང་བྱེད་ཐབས་ཡོད་སྟབས། མ་གཞི་ཛ་དྲག་ཏུ་འགྲོ་སྲིད་པའི་རིམས་ནད་ཞི་ལྷོད་དུ་ཕྱིན་ནས་སྨན་བཅོས་ཐོན་ཁུངས་དཀོན་པའི་གནས་ཚུལ་ཐོན་མེད་པ་མ་ཟད། ད་དུང་ཀྲུང་གོ་འཛམ་གླིང་གི་རྒྱལ་ཁབ་ཆེན་པོ་གཙོ་བོའི་གྲས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ཐོན་ཉུང་ཤོས་དང་མི་ཤི་གྲངས་ཉུང་ཤོས་ཀྱི་རྒྱལ་ཁབ་ཏུ་གྱུར་ཡོད།

    མིག་སྔར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་རྣམ་པ་ཡང་བསྐྱར་རྙོག་འཛིང་ཆེ་ལ་ཛ་དྲག་ཏུ་ཕྱིན་ཡོད་པས། ཐེ་ཚོམ་སྐྱེས་པའམ་གཡོ་འགུལ་ཅུང་ཙམ་བཏང་ཚེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གོ་སྐབས་བཟང་པོ་ཤོར་ནས། དུས་མཇུག་ཏུ་སྔོན་འགོག་དང་ཚོད་འཛིན་ཧ་ཅང་བྱེད་དཀའ་བར་འགྱུར་རྒྱུ་མ་ཟད། ད་དུང་རིམས་ནད་ལས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཚད་ཀྱང་ཆེ་རུ་འགྲོ་སྲིད།

    རང་རྒྱལ་གྱི་མི་འབོར་གཞི་ཁྱོན་ཧ་ཅང་ཆེ་བས། གལ་སྲིད་ནད་དུག་རྒྱལ་ཡོངས་གང་སར་མཆེད་ཚེ་མཇུག་འབྲས་ཧ་ཅང་ཚབས་ཆེན་ཐོན་སྲིད་ལ། ཐོབ་ཟིན་པའི་རིམས་འགོག་གྲུབ་འབྲས་ཀྱང་སྟོང་ཟད་དུ་འགྲོ་སྲིད། རིམས་ནད་ལ་འགོག་རྒོལ་བྱེད་པའི་ལས་དོན་དང་འབྲེལ་བ་མེད་པའི་མི་མེད་ལ་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྤེལ་བར་ཟུར་ནས་ལྟད་མོ་ལྟ་མཁན་མེད། མིག་སྔར། ཀུན་གྱིས་སྔར་བས་བསམ་ཤེས་ཁོང་ཡངས་དང་བྱ་སྤྱོད་སྤེལ་ནས་རང་ལུས་བདེ་ཐང་དང་། ནང་མིའི་བདེ་ཐང་། ཚོགས་པའི་བདེ་ཐང་བཅས་སྲུང་སྐྱོང་བྱེད་པའི་འགན་འཁྲི་འཁུར་དགོས་པ་དང་ཆབས་ཅིག བློ་རྩ་བརྟན་ཞིང་སེམས་ཐག་ཆོད་པའི་བྱ་སྤྱོད་སྤེལ་ནས། རིམས་ནད་རྩ་མེད་དུ་གཏོང་བའི་དམག་འཁྲུག་མགྱོགས་མྱུར་རྣམ་པར་རྒྱལ་བར་བྱེད་དགོས།

    རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ནི་བརྒྱུད་རིམ་པའི་ལྡན་པའི་འདུ་འགོད་ཅིག་རེད་ལ། རྒྱུན་གཏན་འཚོ་བ་སླར་གསོ་ཡོང་རྒྱུ་ནི་ང་ཚོ་ཐུན་མོང་གི་རེ་འདུན་རེད། སྤྱི་ཚོགས་འབྲེལ་འདྲིས་ཀྱི་བར་ཐག་ཅུང་རིང་པོ་འཇོག་པ་དང་། མི་མང་འདུ་འཛོམས་བྱ་ཡུལ་དུ་ཁ་རས་རྒྱག་པ། ཉེན་ཁ་ཆེ་ཁུལ་གྱི་མང་ཚོགས་ཕྱིར་མི་ཐོན་པ། རིམས་འགོག་སྨན་ཁབ་རྒྱག་ཆོག་པའི་རྒན་རྒོན་ཚང་མས་སེམས་ཁྲལ་བསལ་ནས་རྒྱག་པ་སོགས་མི་ཚང་མས་གཟབ་ནན་དང་། བསམ་ཤེས། གཞོཌ་འདེཌ་བཅས་མང་ཙམ་བྱས་ཚེ་རིམས་ནད་ཀྱི་ཉེན་ཁ་དང་རིམས་འགོག་གི་གནོན་ཤུགས་ཆུང་དུ་འགྲོ་ངེས་རེད།

    ཡོལ་རྒྱུ་མེད་པའི་དགུན་ཁ་ཞིག་མེད་ལ་ཤར་རྒྱུ་མེད་པའི་དཔྱིད་ཀ་ཞིག་ཀྱང་མེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་སྲིད་གཞུང་སྡེ་ཚན་དང་སྤྱི་ཚོགས་ལས་རིགས་ཁག་གི་ཐུན་མོང་གི་འབད་འཐབ་དང་ཁ་འབྲལ་ཐབས་མེད་ལ། མི་ཚང་མས་རྒྱབ་སྐྱོར་བྱས་ནས་དེར་ཞུགས་གལ་ཧ་ཅང་ཆེ། རིམས་འགོག་གི་གཞི་རྩའི་ཚད་གཞིར་བརྩི་སྲུང་ཞུས་ནས་སོ་སོའི་བདེ་ཐང་གི་འགན་འཁུར་བ་དང་པོ་བྱེད་པ་ནི། རང་ཉིད་ཀྱི་ཚེ་སྲོག་བདེ་ཐང་ལ་འགན་འཁུར་བ་རེད་ལ། རིམས་འགོག་ལས་དོན་གྱི་ཁྱོན་ཡོངས་ལ་རྒྱབ་སྐྱོར་ནུས་ལྡན་བྱེད་པ་ཡང་རེད།

    རིམས་ནད་ལ་འགོག་རྒོལ་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ནས་རང་ཉིད་ཀྱི་སྟོབས་ཤུགས་ཕྲན་བུ་སྐྱེས་སུ་འབུལ་དགོས། ང་ཚོས་ཡིད་ཆེས་བརྟན་པོ་དང་བློ་སེམས་གཅིག་སྒྲིལ་བྱས་ཚེ་རིམས་ནད་ལ་འགོག་རྒོལ་བྱེད་པའི་དམག་འཁྲུག་རྒྱལ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།