ཉེ་ཆར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རང་སྐྱོང་ལྗོངས་ཀྱི་གཞི་རིམ་སྒྲོག་འགྲེལ་བའི་བརྙན་འཕྲིན་ཁ་པར་གསོ་སྦྱོང་བྱས་པ་དང་། གཞི་རིམ་གྱི་སྒྲོག་འགྲེལ་བ་ཆིག་ཁྲི་ཙམ་གསོ་སྦྱོང་ལ་ཞུགས་ཡོད།
ད་ཐེངས་ཀྱི་གསོ་སྦྱོང་དེ་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པ་དང་། ཁྱོན་དུས་ཐེངས་གཉིས་ལ་ཕྱེ་ནས“ཤང་ཚང་མར་ཤར་གཏོང་ཐུབ་པའི”མ་ལག་སྤྱད་དེ། ཤང་གྲོང(ཁྲོམ་གཞུང)རིམ་པ་དང་པོའི་བར་སྤེལ་ཡོད། གསོ་སྦྱོང་གི་ནང་དོན་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དོན་སྙིང་གལ་ཆེན་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་ལག་ལེན་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ་སོགས་ཚུད་ཡོད་པས། གཞི་རིམ་གྱི་སྒྲོག་འགྲེལ་བའི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཀྱི་ཆུ་ཚད་དང་སྒྲོག་འགྲེལ་ནུས་པ་ཆེ་རུ་ཧུར་ཐག་བཏང་ནས། སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ཚ་རླབས་ཤིག་འཕྱུར་ཡོད།
གསོ་སྦྱོང་བྱས་པ་བརྒྱུད། སློབ་མ་རྣམས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་རྒྱས་བཤད་དང་གསལ་འགྲེལ་གནད་འཁེལ་བྱེད་པར་འབད་བརྩོན་བྱེད་པ་དང་། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(སུའོ་དང་ས་ཚིགས)དང་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དཔེ་སྟོན་རྟེན་གཞི་སོགས་ལ་བརྟེན་ནས། གཞི་རིམ་ནས་སླེབས་པ་དང་གཞི་རིམ་ལ་རྒྱུས་མངའ་ཡོད་པའི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། མཉམ་འགུལ་གྱི་དྲི་བ་དང་། སློབ་སྦྱོང་སྤེལ་རེས། རིག་རྩལ་བྱེད་སྒོ་སྤེལ་བ་སོགས་ཀྱི་བྱ་ཐབས་བརྒྱུད། མང་ཚོགས་ཀྱིས་གོ་ཐུབ་པ་དང་དང་ལེན་བྱེད་སླ་བའི་རྣམ་པར་བརྟེན་ནས་ངོ་ཐུག་གདོང་འཕྲད་ཀྱིས་སྒྲོག་འགྲེལ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཞི་རིམ་དུ་ཁྱབ་པ་དང་སེམས་ལ་ཟུག་པ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རང་སྐྱོང་ལྗོངས་ཀྱི་གཞི་རིམ་སྒྲོག་འགྲེལ་བའི་བརྙན་འཕྲིན་ཁ་པར་གསོ་སྦྱོང་དུས་ཐེངས་གཉིས་པ་ཟླ་11ཚེས་28ཉིན་བྱས་པ་རེད།