དབུ་ཤོག>ཆེད་སྒྲིག
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་ཁོངས་གཏོགས་ཀྱིས“ཚོགས་ཆེན་ཉི་ཤུ་པ་སློབ་སྦྱོང་བྱས་ནས་སྲིད་གཞུང་ནི‘གང་ཞིག་ཡིན་པ་དང་། གང་ཞིག་སྒྲུབ་དགོས་པ། ཇི་ལྟར་སྒྲུབ་དགོས་པ’བཅས་ཀྱི་སློབ་སྦྱོང་དང་ལག་ལེན་བྱེད་སྒོའི”སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-26

    ཟླ་11ཚེས་23ཉིན་རང་སྐྱོང་ལྗོངས་སྲིད་གཞུང་ཁོངས་གཏོགས་ཀྱིས“ཚོགས་ཆེན་ཉི་ཤུ་པ་སློབ་སྦྱོང་བྱས་ནས་སྲིད་གཞུང་ནི‘གང་ཞིག་ཡིན་པ་དང་། གང་ཞིག་སྒྲུབ་དགོས་པ། ཇི་ལྟར་སྒྲུབ་དགོས་པ‘བཅས་ཀྱི་སློབ་སྦྱོང་དང་ལག་ལེན་བྱེད་སྒོའི”སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བརྙན་ལམ་རྣམ་པའི་ཐོག་ནས་ལྷ་སར་འཚོགས་ཤིང་། ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་བཀའ་མངགས་ལྟར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད། རང་སྐྱོང་ལྗོངས་དང་གྲོང་ཁྱེར་སྲིད་གཞུང་ཁོངས་གཏོགས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་ཡོད་པ་རེད།

    ཁྲེན་ཡུང་ཆིས་བསྟན་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཨང་དང་པོ་ཡིན་ཞིང་། སྲིད་གཞུང་ཁོངས་གཏོགས་ཀྱིས་ད་ཐེངས་ཀྱི་སློབ་སྦྱོང་དང་ལག་ལེན་གྱི་བྱེད་སྒོ་སྤེལ་བ་དེ“གཏན་འཁེལ་གཉིས”ལ་སྲུང་སྐྱོང་དང་། “སྲུང་སྐྱོབ་གཉིས”ཐུབ་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཟབ་སྦྱོང་མཐིལ་རྟོགས་དང་དོན་ཐོག་ཏུ་འཁྱོལ་བར་བྱེད་པའི་ཆབ་སྲིད་བླང་བྱ་དང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དོན་དངོས་ཀྱི་དགོས་མཁོ་བཅས་རེད། ལྗོངས་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱིས་བྱེད་སྒོའི་ཇུས་གཞི་གཞིར་བཟུང་སློབ་སྦྱོང་དང་ལག་ལེན་བྱེད་སྒོ་སྒྲིག་འཛུགས་ནན་ཏན་བྱས་ནས་སྤེལ་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་གང་ཞིག་སྒྲུབ་དགོས་པ་དང་ཇི་ལྟར་སྒྲུབ་དགོས་པ་སྔར་བས་ཁ་གསལ་བཟོས་ཏེ་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་འགན་འཁྲི་ཡག་པོ་ཁུར་དགོས། དོན་འཁྱོལ་ལ་དམ་འཛིན་བྱེད་པར་ཤུགས་བརྒྱབ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་བླང་བྱ་ལྟར། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ངར་ཤུགས་གཅིག་སྒྲིལ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་སྤྱི་འདོམས་ནུས་ལྡན་བྱས་ཏེ་རིམས་ནད་འགོག་ཐུབ་པ་དང་།དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡོང་བ་བཅས་བྱེད་པ་དང་། ཕན་ནུས་ལྡན་པའི་མ་དངུལ་གཏོང་རྒྱ་མུ་མཐུད་ཆེ་རུ་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་བཅས་བྱས་ཐོག རང་སྐྱོང་ལྗོངས་ཀྱི“མཐའ་མའི་གདོང་མཆོང་ཟླ་གཉིས་དང་ཐག་གཅོད་དམག་འཐབ་ཉིན་60བྱེད་པའི”བཀོད་སྒྲིག་བླང་བྱ་གཞིར་བཟུང་དགུན་ཁ་ལས་མཚམས་མི་འཇོག་པ་དང་། ནད་ཡམས་རྗེས་ཀྱི་ལས་འགོ་བསྐྱར་ཚུགས། ལོ་མཇུག་གོང་ལས་འགོ་གསར་པ་འཛུགས་པ་བཅས་ཀྱི་ལས་དོན་ལ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཡག་པོ་བསྒྲུབས་ནས། དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་ཁག་38དང་གནས་སྐབས་རང་བཞིན་གྱི་བྱ་ཐབས་ཁག་29ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།