དབུ་ཤོག>ཆེད་སྒྲིག
  • ཡན་ཅིན་ཧའེ་ལྗོངས་ཚོང་དོན་ཐིང་དུ་ཕེབས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་དང་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-25

    ཚེས་23ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་རང་སྐྱོང་ལྗོངས་ཚོང་དོན་ཐིང་དུ་ཕེབས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་དང་འབྲེལ་བརྟག་ཞིབ་གནང་བ་རེད། ཁོང་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་། ཁྱོན་ཡོངས་ནས་ཁོང་དུ་ཆུད་པ། ཁྱོན་ཡོངས་ནས་དོན་འཁྱོལ་བཅས་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་ནས་གཞན་སྒྱུར་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ཚོང་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་འཁོར་རྒྱུག་ལས་རིགས་དང་ཚོང་དོན་ཞབས་ཞུ་དོ་དམ་ཁྲུའུ་དང་། ཁྲོམ་རའི་མ་ལག་འཛུགས་སྐྱོང་ཁྲུའུ། འཁོར་སྐྱོད་དང་འཛད་སྤྱོད་སྐུལ་སྤེལ་ཁྲུའུ་བཅས་སུ་ཕེབས་ནས་ལས་བྱེད་པ་དང་ལས་བཟོར་བྱམས་བརྩེའི་ངང་འཚམས་འདྲི་གནང་བ་མ་ཟད། ཚོང་དོན་འཁོར་རྒྱུག་མ་ལག་འཛུགས་སྐྱོང་དང་། རྫོང་ཁོངས་ཀྱི་ཚོང་ལས་མ་ལག་འཛུགས་སྐྱོང་། འཛད་སྤྲོད་ཁང་འཛུགས་སྐྱོང་། སྤྱི་ཚོགས་འཛད་རྫས་སིལ་ཚོང་གི་སྤྱི་འབོར། ཁྲོམ་རའི་འཛད་སྤྱོད་གྲུབ་ཆ། རིམས་ནད་སྔོན་འགོག་དང་ཚོད་འཛིན་རིང་གི་འཚོ་བའི་མཁོ་ཆས་མཁོ་སྤྲོད་འགན་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། 

    ཁོང་གིས་ཚོང་དོན་ནི་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་དང་འབྲེལ་བ་ཡོད་པ་དང་། འཁོར་རྒྱུག་འགན་ལེན་དང་མཐའ་སྟོབས་མཐའ་སྲུང་དང་འབྲེལ་བ་ཡོད། ད་ཐེངས་ཀྱི་རིམས་ནད་འགོག་བཅོས་བྱེད་རིང་ཚོང་དོན་ཁོངས་གཏོགས་ཀྱི་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། ལས་བཟོ་བཅས་ཀྱིས་ཆབ་སྲིད་ལ་སྣང་ཆེན་དང་འགན་འཁུར་ཕོད་པར་བྱས་ནས་ཏང་ཨུད་དང་སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་མཁོ་སྤྲོད་འགན་ལེན་གྱི་ལས་འགན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ། རྩ་འཛུགས་ཀྱི་ནུས་པ་དང་ལག་ལེན་བསྟར་ནུས་ཡག་པོ་མངོན་ཡོད་ཅེས་གསུངས་པ་རེད།

    རང་ལྗོངས་ཀྱི་ཚོང་དོན་ལས་དོན་གྱི་སྙན་སེང་གསན་རྗེས། ཡན་ཅིན་ཧའེ་ཡིས་ལྗོངས་ཡོངས་ཀྱི་ཚོང་དོན་ཁོངས་གཏོགས་ཀྱིས་ཆབ་སྲིད་ཀྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། རང་ངོས་ཀྱི་ལས་དོན་གྱི་དམིགས་བསལ་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ལ་བརྟེན་ནས་ཚོང་དོན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་ངང་མཐའ་གཅིག་ཏུ་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། མིག་རྒྱང་རིང་དུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་འཛམ་གླིང་ལ་ལྟ་བ་དང་། ཀྲུང་གོར་ལྟ་བ། བོད་ལ་ལྟ་བ་བཅས་བྱས་ཏེ་ཕྱི་ཕྱོགས་སུ་འགག་སྒོར་བརྟེན་ནས་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་རམ་འདེགས་བྱེད་པ་དང་ནང་ཁུལ་དུ་རང་འགུལ་ངང་ཁྲེང་ཏུའུ་དང་གྲུང་ཆིང་གི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་སོགས་དང་མཉམ་འདྲེས་བྱས་ཏེ། “ཆུང་ལ་སྤུས་ཀ་དག་པ”དང“ཉུང་ལ་སྤུས་ཀ་ལེགས་པའི”ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་དང་ཞབས་ཞུའི་རྒྱབ་སྐྱོར་ཁེ་ལས་རྒྱ་སྟོབས་ཆེ་ལ་སྤུས་ལེགས་གཏོད་རྒྱུར་དམིགས་ཏེ་བོད་ཀྱི་ལེགས་ལྡན་སྤུས་རྟགས་གཏོད་དགོས། མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་གྱི་འདུ་ཤེས་བརྟན་པོ་བཙུགས་ནས་སྲིད་ཇུས་དོན་འཁྱོལ་བྱེད་པའི“མཐའ་མའི་སྨི་གཅིག”ཤར་གཏོང་བྱེད་དགོས་པ་དང་། ལྷག་པར་དུ“གྲངས་འབོར་མང་ལ་རྒྱ་ཆེ་བའི”ཁེར་རྐྱང་བཟོ་ཚོང་དུད་ཚང་དང་ཁེ་ལས་འབྲིང་ཆུང་ཕྲན་གསུམ་ལ་རོགས་སྐྱོར་ཤུགས་ཆེན་བྱས་ནས་རང་སྐྱོང་ལྗོངས་ཀྱིས་སྔ་རྗེས་སུ་བཏོན་པའི་དོན་ཚན་38དང་ཁེ་ལས་ཀྱི་དཀའ་ངལ་སེལ་བ་དང་ཕན་འདོགས་པའི་སྲིད་ཇུས་ཁག་29དོན་འཁྱོལ་ཡག་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།