དབུ་ཤོག>ཆེད་སྒྲིག
  • ལོ་བཅུའི་འཕོ་འགྱུར་བརྗོད་མི་ལང་། འབྱུང་འགྱུར་དེ་བས་ངར་ཤུགས་སྒྲིམས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-25

    ནམ་ཟླ་དགུན་ཁ་ཤར་བ་དང་བསྟུན་ནས་གྲང་རླུང་རིམ་བཞིན་ལྡང་འགོ་ཚུགས་མོད། འོན་ཀྱང་པ་སྣམ་རྫོང་དབང་ལྡན་ཤང་བཟང་པ་གྲོང་ཚོའི་གྲོང་མི་ཚོའི་སེམས་པ་དྲོ་སོབ་སོབ་ཅིག་ཡོད། དེ་ཡང་རྫོང་དེ་གའི“བློ་གཏད་བཅོལ་ས”ཡིན་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་པ་སྣམ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཚེ་རིང་དོན་གྲུབ་ཀྱིས་གྲོང་ཚོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་ཀྱི་ཡོད་པས་རེད།

    “རྒྱང་ལམ་གསར་པར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་རྗེས་སུ་འབྲངས་ཏེ་ཡིད་ཆེས་དང་དད་སེམས་བརྟན་དུ་གཏོང་བ་དང་། མགོ་འཕང་མཐོ་ཞིང་གོམ་ཞེང་ཆེན་པོས་ཞུམ་མེད་མདུན་སྐྱོད་བྱས་ཏེ་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་དང་འོད་སྟོང་ནས་དེ་བས་འོད་སྟོང་འཕྲོ་བའི་ཕྱོགས་སུ་ཟམ་མི་ཆད་པར་སྐྱོད་དགོས” སྒྲོག་འགྲེལ་བྱེད་རིང་། ཚེ་རིང་དོན་གྲུབ་ཀྱིས“ཚོགས་ཆེན་འགོ་ཚུགས་པའི་ཉིན་དེར་ངས་སྤྱི་ཁྱབ་ཧྲུའུ་ཅིའི་སྙན་སྒྲོན་ཉན་ཞོར་དུ་ཟིན་བྲིས་བཀོད་པ་ཡིན། ལོ་བཅུའི་རིང་རང་རེའི་རྒྱལ་ཁབ་ལ་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད”ཅེས་ཡུལ་མི་ཚོར་ཚོགས་འདུར་ཞུགས་པའི་མྱོང་ཚོར་གླེང་བར་ཡུལ་མི་ཚོའི་ངོས་འཛིན་གཅིག་མཐུན་བྱུང་ནས་ཚང་མས་མ་གྲོས་གཅིག་མཐུན་གྱིས་བཟང་པ་གྲོང་ཚོའི་ལོ་བཅུའི་རིང་གི་འགྱུར་ལྡོག་གླེང་འགོ་ཚུགས། “ལོ་བཅུ་པོ་འདི་དག་རིང་ངའི་ཁྱིམ་དུ་ཁང་པ་གསར་པ་བརྒྱབ་ཡོད་ལ་རླངས་འཁོར་ཡང་ཉོས་པ་ཡིན། ད་དུང་ཡོང་འབབ་ཡང་མང་དུ་ཕྱིན་སོང་། འདི་དག་ཐམས་ཅད་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་ལས་བྱུང་བ་ཞིག་རེད”“ལོ་བཅུའི་གོང་ང་ཚོའི་གྲོང་ཚོར་ས་རྡོའི་ལམ་ལས་མེད། དགུན་ཁ་ཤར་མ་ཐག་རིམ་བཞིན་གང་སར་ཐལ་རྡུལ་གྱིས་ཁེངས་པ་དང་དབྱར་ཁར་འདམ་རྫབ་ཀྱིས་ཁེངས་ཀྱི་ཡོད། མཚན་མོ་ནི་དེ་བས་ཀྱང་མུན་ནག་སྦར་ཉུལ་རྒྱག་དགོས་ཀྱི་ཡོད། ད་ཆ་གྲོང་ཚོའི་སྲང་ལམ་དུ་ཨར་འདམ་བཏིང་ནས་གཙང་ཞིང་གྲལ་འགྲིག་པོ་ཡོད་པ་དང་མཚན་མོར་གློག་སྒྲོན་ཡང་ཡོད་པས་ཕྱིར་འགྲོ་དགོས་བྱུང་ཡང་བདེ་འཇགས་ཡག་པོ་འདུག ལོ་རེ་བཞིན་འགྱུར་ལྡོག་ཆེན་པོ་བྱུང་བཞིན་ཡོད”ལོ་བཅུའི་འཕོ་འགྱུར་བརྗོད་ཀྱིས་མི་ལང་། འབྱུང་འགྱུར་དེ་བས་ངར་ཤུགས་སྒྲིམ་དགོས་ཞེས་མང་ཚོགས་ཚོས་གཅིག་རྗེས་གཉིས་མཐུད་ངང་གྲོང་ཚོ་དང་ཁྱིམ་ཚང་གི་འགྱུར་ལྡོག་གླེང་།

    ཚེ་རིང་དོན་གྲུབ་ཀྱིས“ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན་གྱི་ལོ་བཅུའི་རིང་། བཟང་པ་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན། འཚོ་བའི་ཆུ་ཚད། འགྲིམ་འགྲུལ། སྨན་བཅོས། སློབ་ཞུགས་སོགས་ཕྱོགས་ཁག་ལ་བྱུང་བའི་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཚང་མ་ཏང་གི་འགོ་ཁྲིད་འོག་ཐོབ་པའི་གྲུབ་འབྲས་ཤ་སྟག་རེད” “དབུལ་ཞྭ་ཕུད་པ་ནི་ལས་མཇུག་འགྲིལ་བ་ཞིག་མིན་པར་དེ་ནི་འཚོ་བ་གསར་པ་དང་འབད་འཐབ་གསར་པ་འགོ་ཚུགས་པ་ཞིག་རེད། 

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་པ། རིག་གནས། སྐྱེ་ཁམས། རྩ་འཛུགས་བཅས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་ཁ་གསལ་བཏོན་ཡོད། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་ཚེ་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་ངེས་རེད”ཅེས་གསུངས་པ་རེད།

    སྒྲོག་འགྲེལ་ཉན་རྗེས། བཟང་པ་གྲོང་ཚོའི་ཡུལ་མི་བསོད་ནམས་ཚེ་རིང་གིས“ང་ཚོ་དུས་རབས་གསར་པར་འཚོ་བ་སྐྱེལ་བཞིན་ཡོད་པས་ཏང་གི་སྣེ་ཁྲིད་འོག་འཚོ་བ་དེ་བས་ཡག་ཏུ་འགྲོ་ངེས་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ངས་རེ་སྒུག་བྱེད་རིན་ཡོད་པའི་འཚོ་བ་ཡག་པོ་ཞིག་སྐྱིལ་ཐུབ་པའི་མྱོང་ཚོར་བྱུང”ཞེས་སེམས་འགུལ་ཐེབས་བཞིན་བཤད།

    བཟང་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་པད་དབྱངས་ཀྱིས“སླད་ཕྱིན་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་གི་བཀོད་སྒྲིག་སེམས་ལ་བརྟན་པོར་འཆང་བ་དང་དམ་འཛིན་ཡག་པོ་བྱས་ཏེ། གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཏེ། གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུར་ཡག་པོ་སྐྱོད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།