ཟླ་11ཚེས་21ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ལས་ཐོན་བསྐྱར་ཚུགས་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིའི་བོད་སྨན་ཐོན་སྐྱེད་འཁོར་ཁང་དུ་གཟིགས་ཞིབ་གནང་བཞིན་པ།
ཟླ་11ཚེས་21ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ལས་ཐོན་བསྐྱར་ཚུགས་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིར་ས་མཐོའི་ཐབ་ཆས་ཞིབ་འཇུག་གསར་སྤེལ་འགག་སྒྲོལ་དང་། ཁེ་བེད་བདག་ཐོབ་རེ་ཞུ། ཐོན་རྫས་ཐོན་སྐྱེད། ཁྱབ་གདལ་བེད་སྤྱོད། སྤུས་རྟགས་གཏོད་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།
ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་ས་མཐོའི་ལྗང་མདོག་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་མགྱོགས་སུ་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས།
ཟླ་11ཚེས་21ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ལས་ཐོན་བསྐྱར་ཚུགས་གནས་ཚུལ་ལ་གཟིགས་ཞིབ་གནང་སྐབས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། བོད་ཀྱི་ཁྱད་ལྡན་སྤུས་ལེགས་ཐོན་ཁུངས་ཀྱི་ལེགས་ཆ་དང་བསྡུར་གཞི་ཡོད་པའི་ལེགས་ཆར་གཞི་ཚུགས་པ། ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་རྒྱུན་མཐུད་བྱེད་པ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ས་མཐོའི་ལྗང་མདོག་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་སྐོང་ཐུབ་པ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་དང་། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ཏིང་ཡེ་ཤན། ཝང་ཡུང་། སངས་རྒྱས་གྲགས་པ་བཅས་ཚོགས་འདུར་ཞུགས་པ་རེད།
རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་བརྟན་པོ་དང་ལེགས་སུ་འགྲོ་བ་དང་བསྟུན་ནས། རང་ལྗོངས་ཀྱིས་ལས་ཐོན་བསྐྱར་ཚུགས་དང་ཚོང་ཁྲོམ་བསྐྱར་ཚུགས་ཀྱི་གོམ་སྟབས་མགྱོགས་སུ་བཏང་ཡོད། ཝང་ཅུན་ཀྲེང་ལྷ་ས་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་གནས་པའི་ས་མཐོའི་རང་བྱུང་འཐུང་ཆུ་ཚད་ཡོད་ཀུང་སི་དང་། བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་མ་རྐང་ཚད་ཡོད་ཀུང་སི། བོད་ལྗོངས་ས་མཐོའི་གཅེས་ནོར་འབྲིའི་དཀར་ཆུའི་ལས་རིགས་མ་རྐང་ཚད་ཡོད་ཀུང་སི་བཅས་ཀྱི་འཁོར་ཁང་དུ་ཕེབས་པ་དང་། ཕན་འབྲས་མཁྱེན་རྟོགས་གནང་བ་མ་ཟད། ད་དུང་ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས“ནད་ཡམས་འགོག་ཟོན་ཐུབ་པ་དང་། དཔལ་འབྱོར་བརྟན་འཁྱོངས་ཐུབ་པ། འཕེལ་རྒྱས་བདེ་འཇགས་ལྡན་པ”བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ་དང་། མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་དང་། སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཐེབས་པའི་བྱེད་ཐབས་ཁག་མཐའ་གཅིག་ཏུ་དོན་འཁྱོལ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་བཅས་བྱས་ཏེ། དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བོད་དུ་ས་བབ་མཐོ་བ་དང་རླུང་གནོན་དམའ་པོ་ཡོད་པས་མི་དམངས་མང་ཚོགས་ལ་ས་མཐོའི་ས་ཁུལ་དུ་ནུས་པ་མང་བའི་གཡོས་སྦྱོར་ཡོ་བྱད་དགོས་མཁོ་ཆེན་པོ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མང་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི“དོན་ཆུང”དེ་དམངས་འཚོའི་ལས་དོན་གྱི“དོན་ཆེན”ལ་བརྩིས་ནས་དམ་འཛིན་བྱས་ཏེ། ས་མཐོའི་ཐབ་ཆས་ཐོན་རྫས་གསར་པ་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། “སྲོལ་རྒྱུན་གྱི་མཐོ་གནོན་ཐབ་དང་བསྡུར་ན་དགེ་མཚན་ཅི་ཞིག་ཡོད་དམ། བཟོ་གྲྭ་ནས་ཐོན་པའི་རིན་གོང་ག་ཚོད་རེད་དམ”ཞེས་བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སིར་ཝང་ཅུན་ཀྲེང་གིས་བཀོལ་སྤྱོད་ཉམས་ལེན་དང་བཀའ་འདྲི་ཞིབ་ཕྲ་གནང་ནས། ས་མཐོའི་ཐབ་ཆས་ཞིབ་འཇུག་གསར་སྤེལ་འགག་སྒྲོལ་དང་། ཁེ་བེད་བདག་ཐོབ་རེ་ཞུ། ཐོན་རྫས་ཐོན་སྐྱེད། ཁྱབ་གདལ་བེད་སྤྱོད། སྤུས་རྟགས་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད། ཝང་ཅུན་ཀྲེང་གིས་ས་མཐོའི་ཐབ་ཆས་གསར་པར་བདེ་འཇགས་སྟབས་བདེ་དང་། ནུས་པ་མང་བ། སྤུས་དག་གོང་ཁེ། ས་མཐོར་སྤྱོད་གོ་ཆོད་པ་སོགས་ཀྱི་ཁྱད་ཆོས་མང་པོ་ལྡན་ཡོད། མཐར་གཏུགས་ནས་བཤད་ན་ལྟ་སྣང་དོད་ལ་སྤྱོད་བདེ་པོ་ཡོང་བར་བྱས་ནས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་དགོས་ཞེས་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། འཕྱུགས་པ་མེད་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་སར་ཁྱབ་པ། ཐོན་ལས་སྐྱེ་ཁམས་ཅན་དང་། ཐོན་ཁུངས་གྲོན་ཆུང་ཅན། སྐྱེ་ཁམས་དཔལ་འབྱོར་ཅན་བཅས་ལ་སྐུལ་འདེད་བཏང་སྟེ་ལྗང་མདོག་ཐོན་ལས་ཀྱིས་དཔལ་འབྱོར་བསྡོམས་འབོར་ཁྲོད་ཀྱི་བསྡུར་ཚད་མཐོ་རུ་བཏང་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་ཧུར་ཐག་བསྐྱོད་དགོས། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་གཏོད་རྒྱུར་དམིགས་ཏེ། ས་མཐོའི་སྤུས་རྟགས་དང་། ལྗང་མདོག་སྤུས་རྟགས། ཁྱད་ལྡན་སྤུས་རྟགས་བཅས་ཡག་པོ་གཏོད་པ། ཕྱི་ཤུགས་བེད་སྤྱོད་ཡག་པོ་དང་། ནང་ཤུགས་ཆེ་རུ་གཏོང་བ། མཉམ་ཤུགས་གཅིག་ཏུ་སྒྲིལ་བ། ཐོན་སྐྱེད་བྱེད་སྟངས་ལྗང་མདོག་ཅན་གྱི་ཕྱོགས་སྒྱུར་མགྱོགས་སུ་གཏོང་བ། ལྗང་མདོག་འཕེལ་རྒྱས་ཀྱི་ནང་ངོས་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། སྲིད་ཇུས་ཀྱི་ཐོན་ཁུངས་ལེགས་ཆ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆར་ཏན་ཏིག་སྒྱུར་དགོས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་ཁྱད་ལྡན་ཞིང་འབྲོག་དང་། ལྗང་མདོག་ལས་སྣོན། རིག་གནས་ཡུལ་སྐོར། ས་མཐོའི་སྐྱེ་དངོས། བོད་ཀྱི་གསོ་བ་རིག་པ་སོགས་ས་མཐོའི་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། གཙོ་གནད་ཚད་བརྒལ་ལ་བརྟེན་ནས་ཐོན་ལས་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ་དང་དེང་རབས་ཀྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཐོན་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། བསམ་བློའི་འདུ་ཤེས་གསར་སྒྱུར་གྱིས་ཐོན་ལས་ཀྱི་འཕེལ་རྒྱས་རིམ་སྤོར་ལ་སྣེ་ཁྲིད་བྱེད་དགོས་པ་དང་། ཁྲོམ་རའི་ནུས་པ་འདོན་སྤེལ་གང་ལེགས་དང་སྲིད་གཞུང་གི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ། ཐོན་ལས་འཁོར་འབྲེལ་གྱི་སྔ་ཕྱིའི་ཐོན་ཁུངསབསྡུ་སྒྲིལ་བྱེད་ནུས་ཆེ་རུ་གཏོང་བ། ཐོན་ཁུངས་ཁྲིད་སྟོན་དང་བཀོད་སྒྲིག་ནུས་ལྡན། ཚོང་རྟགས་གྲགས་ཅན་གྱི་ཤུགས་རྐྱེན་ཐེབས་ཤུགས་དང་ཁྲོམ་ར་བཟུང་ཚད་ཆེ་རུ་གཏོང་བ་བཅས་བྱས་ཏེ། དུད་ཚང་ཁྲི་སྟོང་མང་པོའི་ཐོན་སྐྱེད་ཆུང་གྲས་དང་འགྱུར་ལྡོག་ཁྲི་སྟོང་མང་པོ་བྱུང་བའི་ཁྲོམ་ར་ཆེན་པོ་འབྲེལ་མཐུད་བྱས་ནས་གཞི་ཁྱོན་ཅན་དང་། ཁྱད་ལྡན་ཅན། ཚོང་རྟགས་གྲགས་ཅན་བཅས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དཔལ་འབྱོར་གྱི་དགོངས་པར་སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་བླངས་ཏེ། དཔལ་འབྱོར་ཤེས་བྱ་དང་ལྷག་པར་དུ་དེང་རབས་ཀྱི་ཐོན་ལས་ཤེས་བྱ་སློབ་སྦྱོང་དང་། དཔལ་འབྱོར་འཁོར་སྐྱོད་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ། དཔལ་འབྱོར་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོར་ཧུར་ཐག་ཞུགས་པ་བཅས་བྱས་ཏེ། དཔལ་འབྱོར་གྱི་ལས་དོན་ལ་དམ་འཛིན་བྱེད་པའི་རྒྱུས་མངའ་ཅན་ཧུར་ཐག་ཆགས་པར་བྱས་ནས། དཔལ་འབྱོར་གྱི་ལས་དོན་ལ་འགོ་ཁྲིད་དང་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།