ཟླ་11པའི་ཚེས་16ཉིན། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ལྷ་སར་འཚོགས་པ་རེད། ཚོགས་འདུའི་ཐོག་ཇུས་འགོད་བྱས་པའི་བསམ་ཕྱོགས་གསར་པ་དང་བཀོད་སྒྲིག་བྱ་ཐབས་གསར་པར་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད། ཚང་མས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ། ལས་གནས་ལ་གཞི་ཚུགས་པ་དང་ཏན་ཏན་ཏིག་ཏིག་བྱེད་པ་བཅས་ཀྱི་སྒོ་ནས་བསམ་པའི་ཉམས་འགྱུར་བཟང་པོ་དང་ཕུལ་བྱུང་གི་ལས་ཀའི་གྲུབ་འབྲས་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།
ལྗོངས་ཏང་ཨུད་ཀྱི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་གྱི་ལེའུ་གསར་པ་ཞིག་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་སྤྱིའི་བཀོད་སྒྲིག་བྱས་ཡོད། དེར་དམིགས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་སློབ་དོན་པུའི་ཀྲུའུ་རེན་གཞོན་པ་ཝང་ཞུས་ཀྲང་གིས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དེ་ལས་བྱེད་པར་སློབ་གསོ་གསོ་སྦྱོང་བྱེད་པའི་ནང་དོན་གཙོ་བོ་དང་ངེས་སྦྱོང་སློབ་ཚན་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་གསོ་སྦྱོང་བྱེད་པའི་འཆར་གཞི་ཞིབ་འཇུག་དང་གཏན་འཁེལ་བྱེད་པ། སློབ་ཁྲིད་ཀྱི་ནང་དོན་བཀོད་སྒྲིག་ཞིབ་ཚགས་བྱེད་པ་དང་སློབ་ཁྲིད་ཀྱི་ཆེད་དོན་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱེད་པ་བཅས་ཀྱི་སྒོ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་དེབ་ནང་འགོད་པ་དང་། སློབ་ཁྲིད་བྱེད་པ། སེམས་ལ་ངེས་པ་བཅས་བྱེད་ཀྱི་ཡིན་ཞེས་བརྗོད།
“ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ང་ཚོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱ་རྒྱུར་ཁ་ཕྱོགས་གསལ་སྟོན་བྱས་ཡོད” ཀྲུང་གུང་མངའ་རིས་ས་ཨུད་དྲིལ་བསྒྲགས་པུའི་གསར་འགྱུར་ཁོའོ་ཡི་ལས་བྱེད་པ་ཚའེ་ཞང་ཡུས་ཀྱིས། “གསར་འགྱུར་དྲིལ་བསྒྲགས་ལས་དོན་པ་ཞིག་གི་ངོས་ནས། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་རུ་སྣེ་ཁྲིད་མཁན་དང་གཙོ་ཤུགས་དམག་བརྩོན་ལེན་བྱས་ཏེ། སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱས་ནས་ནང་སེམས་ལ་ཟུག་པ་དང་ཕྱི་བྱ་སྤྱོད་ཐོག་འཁྱོལ་བ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས་ཡག་པོ། ལག་བསྟར་ཡག་པོ་བཅས་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མངའ་རིས་སུ་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་། རྩ་བ་བརྟན་པོ་ཚུགས་པ། གྲུབ་འབྲས་ཐོན་པ་བཅས་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་གི་ཡིན”ཞེས་བརྗོད།
“ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་དང་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཏང་འཛུགས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ། དམངས་འཚོ་འགན་ལེན་ལ་ཤུཌ་སྣོན་རྒྱག་པ། སེམས་ནུས་གཅིག་སྒྲིལ་བཅས་བྱས་ནས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས‘དོན་ཆེན་བཞི’ཡག་པོ་སྒྲུབ་པ་དང་། ལྷག་པར་དུ་མཐའ་མཚམས་སྟོབས་ཆེར་གཏོང་བའི་གདོང་ལེན་པ་དང་། མཐའ་མཚམས་བརྟན་སྲུང་གི་སྲུང་དམག མཐའ་དར་གྱི་མིག་དཔེ། སྐྱེ་ཁམས་སྲུང་སྐྱོང་གི་མིག་དཔེ་བཅས་བརྩོན་ལེན་བྱེད་ཀྱི་ཡིན”ཞེས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་དབྱང་ཐུང་པོའོ་ཡིས་བརྗོད།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། དམངས་འཚོ་ཡར་རྒྱས་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་ལས་དོན་ཐམས་ཅད་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས།
“དུས་རབས་གསར་པའི་སྨན་དོན་ལས་དོན་པ་ཞིག་གི་ངོས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྲིད་སྟོན་དུ་བྱས་ཏེ། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དུས་མཚུངས་སུ། སྔོན་འགོག་བྱ་རྒྱུ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་རྒྱུན་མཐོང་ནད་གཞི་དང་། ཐོན་མང་བའི་ནད་གཞི། གཅོང་ནད་བཅས་འགོག་བཅོས་བྱེད་པའི་ལས་དོན་གཏིང་ཟབ་སྤེལ་ཏེ། གཞི་རིམ་གྱི་ནད་འགོག་ནད་བཅོས་དང་བདེ་ཐང་དོ་དམ་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བདེ་ཐང་གི་དགོས་མཁོ་སྐོང་གང་ཐུབ་བྱས་ཏེ་མི་སེར་གྱི་བདེ་ཐང་འགན་སྲུང་བྱེད་ཀྱི་ཡིན”ཞེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་གླིང་ཕྲན་གཉིས་ཁྲོམ་གཞུང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཉི་མ་ལྷག་སྒྲོན་གྱིས་བརྗོད།
ཐང་སྟེང་གྲོང་ཚོར་བཅའ་སྡོད་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་རུ་ཁག་གི་རུ་དཔོན་ཀའོ་ཅན་གྱིས“ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། ལས་དོན་སྤེལ་སྐབས་དམངས་འཚོ་ལེགས་སུ་གཏོང་རྒྱུ་དང་མི་སེམས་གཅིག་ཏུ་སྒྲིལ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་མཐའ་འཁྱོངས་ཀྱིས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་དང་དེ་བས་དངོས་སྒྲུབ་བདེན་འཚོལ་གྱི་ལས་ཀའི་སྤྱོད་ཚུལ་ཐོག་ནས་མང་ཚོགས་ཀྱི་དོ་ཁུར་ལ་ལན་ཧུར་ཐག་བརྒྱབ་སྟེ། མང་ཚོགས་ལ་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་ཀྱི་ཡིན”ཞེས་བརྗོད་པ་རེད།
ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་རྗེས། ལྷ་ས་གྲོང་ཁྱེར་གནའ་གྲོང་སྤྱི་བདེ་ཅུས་ཀྱི་ཏང་ཨུད་ཨུ་ཡོན་ཅུས་ཀྲང་གཞོན་པ་རྡོ་རྗེ་རྒན་པས། ཚད་མཐོའི་འགན་འཁྲི་འཁུར་སེམས་ཀྱི་ཐོག་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རང་འཁྲིའི་ལས་ཀའི་ཁྲོད་ལག་ལེན་བསྟར་ཏེ། ཁེངས་སྐྱུང་ངང་མང་ཚོགས་དང་ལས་རོགས་ཚོར་སློབ་སྦྱོང་བྱེད་པ་དང་། རྒྱུན་སྲིང་ལྷོད་མེད་དང་། སློབ་སྦྱོང་ལ་བརྩོན་པ་དང་བསམ་གཞིག་མང་ཙམ་བྱེད་པ། སྦྱངས་པ་གོ་ཆོད་ཐུབ་པ་བྱེད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་དུས་བདེའི་ལྷ་ས་བསྐྲུན་ཆེད། གནའ་གྲོང་སྤྱི་བདེའི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།