དབུ་ཤོག>ཆེད་སྒྲིག
  • དགོངས་དོན་གྱི་ངོ་བོ་ཁོང་དུ་ཆུད་པ་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-14

    ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་བསམ་བློ་གསར་པ་དང་། ཆོད་གཏམ་གསར་པ། བཀོད་སྒྲིག་གསར་པ། བླང་བྱ་གསར་པ་བཅས་ལ་གོ་བ་ནན་ཏན་བླངས་ནས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་གི་མྱོང་བ་སྤེལ་རེས་བྱས་པས་སློབ་སྦྱོང་བྱེད་པའི་ཚ་རླབས་རྒྱུན་མཐུད་ངང་འཕྱུར་བར་བྱས་ཡོད། ཚང་མས“གཏན་འཁེལ་གཉིས”ནི་དུས་རབས་གསར་པར་ཏང་ལ་ཐོབ་པའི་ཆབ་སྲིད་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཡིན་པས་ངེས་པར་དུ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས། བརྒྱུད་རིམ་ལྡན་པ་བཅས་ཀྱི་སྒོ་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་གྱི་ངོ་བོར་གོ་བ་ལེན་པ་དང་སྟངས་འཛིན་ནན་པོ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཁ་ཕྱོགས་བརྒྱུད་དེ་ཞུམ་པ་མེད་པར་མདུན་སྐྱོད་བྱེད་དགོས་ཞེས་བཤད།

    ལྗོངས་ཏང་ཨུད་ཏང་གི་སློབ་གྲྭས(ལྗོངས་སྲིད་འཛིན་སློབ་གླིང)སྡེ་ཚོགས་ཀྲི་པུའུ་དང་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སློབ་སྦྱོང་ཚོགས་འདུ་འཚོགས་ཤིང་། ཚོགས་ཞུགས་མི་སྣས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་པའི་དོན་སྙིང་གལ་ཆེན་དང་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་དམ་པོར་དམིགས་ནས་རང་ངོས་ཀྱི་ཆེད་ལས་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་སློབ་སྦྱོང་གི་མྱོང་བ་ལྷུག་པོར་གླེང་བ་རེད། ཚང་མས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་རེ་ནན་པོ་དང་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ། ཏང་གི་སློབ་གྲྭའི་རུས་མིང་ལ་ཏང་ཟེར་བའི་རྩ་བའི་རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཟམ་མི་ཆད་པར་བྱེད་པ་དང་། སྙན་སྒྲོན་ཡག་པོ་སྦྱོང་བ་དང་། དགོངས་པ་ཟབ་མོ་སྦྱོང་བ། དགོངས་དོན་གསལ་པོར་རྟོགས་པ་བཅས་ཀྱི་ཐད་འབད་བརྩོན་ཆེན་པོ་བྱེད་པ། རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་དང་དྲིལ་བསྒྲགས་འཆད་འགྲེལ་ཏན་ཏིག་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མི་སེར་དཀྱུས་མའི་ཁྱིམ་དུ་ཁྱབ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས་ཞེས་གཅིག་རྗེས་གཉིས་མཐུད་དུ་བཤད།

    ཉིན་ཤས་གོང་སྡེ་ཚོགས་ལྗོངས་ཨུ་ལྷན་གྱིས་ཏང་ཡོན་ལས་བྱེད་པ་ཡོངས་སྒྲིག་འཛུགས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་ཆེད་དོན་ཟུར་ཁྲིད་འཆད་ཁྲིད་དང་དུས་ཐེངས་བདུན་པའི“གཞོན་ནུའི་འཆད་ཁྲིད་ཆེན་མོ”གཉེར་བ་རེད། འཆད་ཁྲིད་བྱེད་རིང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་ལྟེ་བའི་དོན་སྙིང་གཙོ་བོར་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལ་དམིགས་པ་དང་དུས་རབས་གསར་པའི་གུང་གཞོན་སྡེ་ཚོགས་ཀྱི་འགན་འཁྲི་དང་ལས་འགན་དང་དུས་རབས་གསར་པའི་གཞོན་ནུའི་འགན་འཁྲི་དང་ཟུང་འབྲེལ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལ་ཕྱོགས་ཡོངས་དང་རྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བརྒྱབ་པ་དང་། ཏང་ཡོན་ལས་བྱེད་པར་དེའི་ཁྲོད་དུ་འདུས་པའི་རིགས་པའི་གཞུང་ལུགས་ཀྱི་ལྟ་བ་དང་། བསམ་བློ་གཏོང་སྟངས། ལས་ཀའི་བླང་བྱ་བཅས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་དགོས་པའི་ཁྲིད་སྟོན་བྱས་ཡོད།

    ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་ཁྲལ་དོན་སྡེ་ཚན་གྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱས་ཤིང་། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་བོད་རང་སྐྱོང་ལྗོངས་ཁྲལ་དོན་ཅུས་ཞིབ་བཤེར་ཅུས་ཀྱི་ཏང་ཀྲི་པུའུ་ཡིས“དྲ་ཐོག”ནས་ཚོགས་འདུ་འཚོགས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱེད་པའི་མྱོང་བ་སྤེལ་རེས་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས“གཙང་གསུམ་འགྲན་སྟེགས”ནས་དྲ་ཐོག་སློབ་སྦྱོང་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་ཤེས་བྱའི་དྲི་བའི་མཛོད་རྩོམ་སྒྲིག་དང་གཤམ་སྤྲོད་སོགས་ཀྱི་བྱེད་ཐབས་བརྒྱུད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ཇི་མ་ཇི་བཞིན་སློབ་སྦྱོང་བྱས་པ། རང་ལྗོངས་ཀྱི་ཁྲལ་དོན་ཁོངས་གཏོགས་ཀྱི་གྲོང་སྡོད་ལས་དོན་རུ་ཁག་40ལྷག་ཙམ་གྱིས་དུས་ཐོག་ཏུ་སྒྲོག་འགྲེལ་ཡན་ལག་རུ་ཁག་བཙུགས་ནས་ཞིང་ནང་མུ་ཁ་དང་མང་ཚོགས་ཀྱི་ཁྱིམ་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པར་བསྐྱོད་དེ་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་ལྟེ་བའི་དོན་སྙིང་སློབ་སྦྱོང་དང་གོ་བ་ལེན་པ་དང་ཁོང་དུ་ཡང་དག་ཆུད་པ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གཞི་རིམ་མང་ཚོགས་ཀྱི་མི་སེམས་ལ་ཟུག་པ་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

    ཉེ་ཆར་ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གི་རིམ་ཁག་ཏང་རྩ་འཛུགས་ཀྱིས་གྲོས་བསྡུར་ཚོགས་འདུ་དང་། བཞུགས་མོལ་ཚོགས་འདུ། ཆེད་དོན་སློབ་སྦྱོང་སོགས་ཀྱི་བྱེད་ཐབས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་ནང་དོན་ལ་དམ་པོར་དམིགས་ཏེ་ཏང་ཡོན་ལས་བྱེད་པ་ཡོངས་སྒྲིག་འཛུགས་བྱས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་པ་རེད། ཚང་མས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་དགོངས་དོན་དེ་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོ་དང་ཟུང་འབྲེལ་བྱས་ཏེ་ལས་ཀའི་བྱེད་ཐབས་གསར་གཏོད་དང་ལྷག་བསམ་རྣམ་དག་གིས་རང་འགན་གཙང་སྒྲུབ་བྱས་ནས་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་ལས་འགན་ཁག་ལེགས་སྒྲུབ་བྱ་རྒྱུ་ཡིན་ཞེས་བཤད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱས་ནས་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་གཏིང་ཟབ་དང་དོན་ཐོག་ཏུ་ཏན་ཏིག་འཁྱོལ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་ཆེད། མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་སློབ་སྦྱོང་མྱོང་བའི་དཔྱད་དཔོག་བྱེད་སྒོ་སྤེལ་བ་རེད། ད་ཐེངས་ཀྱི་དཔྱད་དཔོག་ཐོག་ཀྲི་པུའུ་ཁག་གིས་ཕན་ཚུན་དཔྱད་བསྡུར་དང་དཔྱད་བརྗོད་ཀྱི་བྱེད་ཐབས་བརྒྱུད་སློབ་སྦྱོང་གི་མྱོང་བ་རེ་རེ་བཞིན་ལྟ་ཀློག་དང་དཔྱད་བསྡུར་བྱས་ཏེ་གྲུབ་འབྲས་མངོན་པ་དང་། ཧེ་བག་འཚོལ་བ། སྔོན་ཐོན་ལ་ལྕག་སྐུལ་བཅས་བྱས་ནས་ཚང་མས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་ནུས་པ་དང་བྱང་ཚད་མཐོ་རུ་གཏོང་ཐུབ་པ་བྱས་ཡོད། ཉིང་ལག་རུ་ཁག་གི་མི་དམངས་ཉེན་རྟོག་པས་སླད་ཕྱིན་རང་ཉིད་ཀྱི་ལས་ཀའི་འཇོན་ཐང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་གཞུང་དྲང་གསར་གཏོད་དང་ཤེས་སྦྱོར་གཅིག་མཐུན་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་རྒྱུ་དེ་ནང་སེམས་ཀྱི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་དང་ཕྱི་གནས་སྤོས་ཡུལ་མིའི་དོ་དམ་ལས་དོན་ཡག་པོ་སྒྲུབ་པའི་བྱ་སྤྱོད་དངོས་ལ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བཤད།

    མཛོ་སྒང་རྫོང་བུལ་ཐོག་ཤང་བུལ་ཐོག་གྲོང་སྡོད་ལས་དོན་རུ་ཁག་གིས་སྔོན་ལ་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་པ་དང་མྱོང་ཚོར་སྤེལ་རེས་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་དོན་སྙིང་གཙོ་བོ་སློབ་སྦྱོང་ནན་ཏན་དང་། གོ་བ་གཏིང་ཟབ་ལེན་པ། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བཅས་བྱས་ཡོད། གྲོང་སྡོད་ལས་དོན་རུ་ཁག་གི་རུ་མི་ཚོས་གྲོང་སྡོད་ལས་བྱེད་པ་ཞིག་གི་ངོས་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཁྲོད་འགན་འཁྲི་འཁུར་བ་དང་རང་འགན་གཙང་སྒྲུབ་ཀྱིས་རང་ངོས་ཀྱི་ཕྱོགས་བསྡུས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། ཉམས་སད་ཐེག་ཐུབ་པའི་འཇོན་ཐང་ཆེ་རུ་གཏོང་བ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།