བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་དམ་འཛིན་ལྷོད་མེད་བྱེད་དགོས།
ཟླ་11ཚེས་11ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་མཇུག་འགྲིལ་རྗེས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཀྱི་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ། 《ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་སྔར་བས་ལེགས་སུ་བཏང་ནས་ཚན་རིག་དང་མཐུན་ཞིང་གནད་སྨིན་གྱི་སྒོ་ནས་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》བརྒྱུད་བསྒྲགས་དང་སློབ་སྦྱོང་། རང་ལྗོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད། ཚོགས་འདུའི་ཐོག རིམས་ནད་སྔོན་འགོག་དང་ཚོད་འཛིན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་བླ་ན་མེད་པ་བློ་བརྟན་འགྱུར་མེད་ངང་མཐའ་འཁྱོངས་བྱེད་པ། “རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི”སྤྱིའི་ཐབས་ཇུས་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་བྱེད་པ། “སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་ལྷོད་མེད་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ལྡན་བཅས་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱིས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཡག་པོ་རྩོམ་དགོས་པའི་ནན་བཤད་བྱས་པ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། ཀྲོང་ཡན། ཁྲེན་ཡུང་ཆི་བཅས་ཚོགས་འདུར་ཞུགས་པ་རེད།
ཝང་ཅུན་ཀྲེང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས། ང་ཚོས་བསམ་བློ་གཅིག་གྱུར་དང་། ཡིད་ཆེས་བརྟན་པོ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། བོད་དུ་རིམས་ནད་ཐོན་པ་ནས་བཟུང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་དང་། དེ་བཞིན་འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱི་ཤུགས་ཆེའི་རྒྱབ་སྐྱོར་འོག ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་འགག་སྒྲོལ་དཀའ་སེལ་དང་འབད་འཐབ་ཧུར་ཐག་བྱས་པས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་རྒྱལ་ཁ་ཆེན་པོ་ཐོབ་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་ལེན་བསྟར་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་བསམ་བློ་དང་བྱ་སྤྱོད་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ། མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་དང་། གནད་དོན་གྱི་ཕྱོགས་སྟོན་མངོན་གསལ་དོད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ། གདེང་ཚོད་དང་ཆོད་སེམས་བརྟན་གཏོང་བཅས་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་ནུས་ལྡན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཏན་ཏིག་བསྒྲུབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་རྒྱུན་མཐུད་བརྟན་དུ་གཏོང་དགོས། སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་སྔར་བས་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་བྱེད་ཐབས་དོན་ཚན་ཉི་ཤུ་གཞིར་བཟུང་། ཚད་གཞི་དང་ཡང་ཡང་བསྡུར་བ་དང་རྣམ་འགྱུར་བརྟན་པོ་དང་བྱ་སྤྱོད་མྱུར་པོར་བརྟེན་ནས་ལེགས་སྒྲིག་བྱ་ཐབས་ལག་བསྟར་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་དེ་ཚན་རིག་དང་མཐུན་ལ་གནད་སྨིན་དང་ནུས་ལྡན་ངང་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས། རིམས་ནད་ཕྱི་ནས་མི་འགོ་བ་དང་ནང་དུ་བསྐྱར་ལོག་མི་ཡོང་བའི་བྱ་ཐབས་ཁག་དོན་འཁྱོལ་བྱེད་པ་དང་། “ཕྱོགས་བཞིའི་འགན་འཁྲི”དོན་འཁྱོལ་དང“སྔ་ཙམ་བཞིའི”བླང་བྱ་དོན་འཁྱོལ་ཏན་ཏིག་བྱེད་པ། ཁྲིམས་དང་མཐུན་པ་དང་། ཚན་རིག་དང་མཐུན་པ། གནད་ལ་སྨིན་པ། དོ་ནན་པོ། ཕན་འབྲས་ཆེ་བ་བཅས་ཀྱི་སྒོ་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཡག་པོ་སྒྲུབ་པ། རིམས་འགོག་བཀོད་འདོམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཆུ་ཚོད་24རིང་གི་ལས་རེས་དང་ཉིན་རེའི་བཀོད་གཏོང་ལམ་ལུགས་ལག་ལེན་བསྟར་བ། “ཉིན་རེར་སྙན་སེང་ཞུ་བ”དང“གནས་ཚུལ་མེད་ཀྱང་སྙན་སེང་ཞུ་བའི”ལམ་ལུགས་ལག་བསྟར་ནན་པོ་བྱས་ནས་སྔོན་འགོག་དང་ཚོད་འཛིན་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བ་དང་སྤྱི་ཚོགས་ངོས་སུ་བསྐྱར་ལོག་མ་ཐེབས་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས། དོ་དམ་ཚོད་འཛིན་བྱེད་ཐབས་ནན་དུ་བཏང་སྟེ། ཕྱི་ནས་ཡོང་བའི་འཁོར་རིགས་དང་མི་སྣར་གྲལ་བཤེར་དང་དོ་དམ་ཚོད་འཛིན་དང“འབྱོར་བཤེར”སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ“ཕྱི་ནས་མི་འགོ་བའི”འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་དགོས། “རྒྱལ་ཡོངས་བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་བཙུགས་ཏེ་འབྱུང་རྩར་དོ་དམ་ཚོད་འཛིན་དང་། འགག་སྒོར་སྔོན་འགོག་དང་ཚོད་འཛིན། གདུབ་ཟུམ་དོ་དམ་སོགས་ཀྱི་བྱེད་ཐབས་ལ་རྒྱུན་མཐུད་དམ་འཛིན་ཡག་པོ་བྱས་ཏེ་རིམས་ནད་ཕྱི་ལ་མ་མཆེད་པ་མཐའ་གཅིག་ཏུ་བྱེད་དགོས། ལྷ་ས་གྲོང་ཁྱེར་གྱིས་མཉམ་ཤུགས་གཅིག་སྒྲིལ་དང་། གནད་སྨིན་ཤུགས་འདོན། ལག་བསྟར་ནུས་ལྡན་བཅས་བྱས་ནས། དེ་བས་བློ་ཐག་ཆོད་པོ་དང་འཕྲལ་ཐག་ཆོད་པའི་བྱེད་ཐབས་སྤྱད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ཡག་པོ་བསྒྲུབས་པ་དང“སྡོམ་ཐུབ་པ”དང“གློད་ཐུབ་པ”གཉིས་གཅིག་གྱུར་ནུས་ལྡན་བྱས་ཏེ། དེ་བས་གནད་སྨིན་གྱིས“སྡོམ”ཐུབ་པ་དང་། དེ་བས་རང་འགུལ་ངང“གློད”ཐུབ་པ། དེ་བས་ལེགས་པའི་སྒོ་ནས་སྤྱི་ཚོགས་ངོས་བརྟན་པོ་སྲུང་ཐུབ་པ་དང་། སྡོམ་ཐུབ་པ། གློད་ཐུབ་པ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས། “རིམས་ནད་འགོག་ཟོན་ཐུབ་པ་དང་། དཔལ་འབྱོར་བརྟན་འཁྱོངས་ཐུབ་པ། འཕེལ་རྒྱས་བདེ་འཇགས་ལྡན་པ”བཅས་ཀྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་ནུས་ལྡན་བྱས་ནས་རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གང་ཐུབ་གཏོང་དགོས། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་རྒྱུན་འཁྱོངས་ཀྱིས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་དུ་གཏོང་བ་དང་། ཁྲིམས་ལྟར་བཅོས་སྐྱོང་གི་ཆུ་ཚད་སྔར་ལས་མཐོ་རུ་གཏོང་བ། འགལ་ཟླ་དང་། རྩོད་གཞི། ཉེན་ཁ་བཅས་གྲལ་བཤེར་དང་འདུམ་སེལ་བྱས་ཏེ་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་དང་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། “ལྡན་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་ཀྱིས་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་ལ་དམིགས་པ། དམངས་འཚོའི་རྣམ་གྲངས་འཛུགས་སྐྲུན་དང་དམངས་འཚོའི་ཞབས་ཞུ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ། གཅིག་གྱུར་འཆར་འགོད་དང་ཁྱོན་ཡོངས་ལ་ལྟ་རྟོག་དང་། གཙོ་གནད་འབུར་དུ་ཐོན་པ་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་འབྲས་བཟང་ཤོས་ཐོབ་གང་ཐུབ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་ཏང་ཨུད་དང་སྲིད་གཞུང་རིམ་ཁག་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་ཡག་པོ་བྱས་ཏེ་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སྲུང་སྐྱོང་གང་ཐུབ་བྱེད་དགོས།
ཝང་ཅུན་ཀྲེང་གིས། སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ཐོག་ནས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གནད་དོན་སྟོན་ཕྱོགས་དུ་འཛིན་པ་དང་། དམིགས་ཚད་ཕྱོགས་སྟོན་དུ་འཛིན་པ། གྲུབ་འབྲས་སྟོན་ཕྱོགས་དུ་འཛིན་པ་བཅས་མཐའ་འཁྱོངས་བྱས་ཏེ་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བྱས་ནས་གཞི་རིམ་དང་འཐབ་ཕྱོགས་དང་པོར་བསྐྱོད་དེ་ཉམས་མྱོང་ཕྱོགས་སྡོམ་དང་། ཞན་ཆ་འཚོལ་བཤེར། ཞན་ཆ་སེལ་བ། ལས་དོན་ལེགས་གཏོང་བཅས་བྱས་ནས་རྙོག་འཛིང་ཆེ་བའི་རྣམ་པར་སྟངས་འཛིན་བྱེད་པའི་ནུས་པ་དང་རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱེད་པའི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རྒྱུད་ཁོངས་ཀྱི་འདུ་ཤེས་མཐའ་འཁྱོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཉིས་ཕན་ཡོང་བའི་འགན་ལེན་བྱེད་དགོས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས“ངེས་པར་དུ་གསུམ”ཡིད་ལ་བརྟན་པོར་བཅངས་ནས་སྣེ་ཁྲིད་དེ“མིག་དཔེ་དྲུག”ལག་ལེན་བསྟར་ནས“བཞི་བཤེར་བཞི་རྩད”ནང་དོན་གཙོ་བོར་བྱས་པའི་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་རྒྱུན་མཐུད་ཟབ་ཏུ་བཏང་སྟེ་འགན་འཁྲི་མི་འཁུར་བའི་རྣམ་འགྱུར་ལ་ངོ་རྒོལ་བྱེད་དགོས་ལ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་ཡང་བྱེད་དགོས་པ་དང“འཁྲི་འགན་རིམ་སྣོན“དང“རྒྱུག་པ་ལེབ་རྡུང”སོགས་ཀྱི་བྱེད་སྟངས་ཡོ་བསྲང་བྱས་ཏེ་སྒྲིག་ཁྲིམས་ནན་པོ་དང་སྤྱོད་ཚུལ་ནན་པོའི་ཐོག་ནས་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
འགན་འཁུར་རྩོམ་སྒྲིག་པ། 德吉普尺
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣