དབུ་ཤོག>ཆེད་སྒྲིག
  • འཐུས་མི་ཆོས་མཚོས་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-13

      པེ་ཅིང་ནས་ལོག་རྗེས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་བོད་ཤར་གཅེས་ནོར་ཆང་རག་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི། སྤྱི་ཁྱབ་ཅིང་ལི་ཆོས་མཚོས་སྨར་ཁམས་རྫོང་གི་ལས་རིགས་ཁག་ཏུ་བསྐྱོད་དེ། ཉིན་བཞི་བསྟུད་མར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་རྗེས་ཀུང་སིར་ལོག

    640.jpg

    ཆོས་མཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།

    དེ་ནས་ཡང་ངལ་གསོ་རྒྱག་ཁོམ་མེད་པར་ཆོས་མཚོས་ལས་མི་རྣམས་བསྐོངས་ཏེ། སྤྲོ་བ་ཆེན་པོས་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་མཐོང་ཐོས་མྱོང་གསུམ་ཚང་མར་མཉམ་སྤྱོད་བྱས།

    “འདི་ནི་ང་རང་མི་དམངས་ཚོགས་ཁང་ཆེ་མོར་འགྲོ་ཐེངས་དང་པོ་ཡིན་ལ། ཚོགས་ཁང་ཆེ་མོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ཉན་ཐེངས་དང་པོའང་ཡིན། སྙན་སྒྲོན་གྱི་ནང་དུ་དུས་རབས་གསར་པའི་ལོ་བཅུའི་འཕོ་འགྱུར་རླབས་པོ་ཆེར་ཕྱོགས་བཅུ་དྲུག་ནས་ཆ་ལག་ཚང་བའི་ཕྱོགས་སྡོམ་གནང་ཡོད། འདི་ནི་དུས་རབས་འབྱེད་པ་དང་། ཕྱོགས་ཡོངས། གསར་གཏོད་ཀྱི་རང་བཞིན། རྩ་བའི་རང་བཞིན་བཅས་ལྡན་པའི་འཕོ་འགྱུར་རླབས་པོ་ཆེ་ཞིག་རེད། དུས་རབས་གསར་པའི་ལོ་བཅུ་དངོས་སུ་བརྒྱུད་མྱོང་བའི་ང་ལ་མྱོང་ཚོར་ཟབ་མོ་བྱུང་ལ་སྤོབས་སེམས་ཀྱང་ཆེན་པོ་སྐྱེ་གི་འདུག”ཅེས་ཆོས་མཚོས་བརྩེ་སེམས་ཟབ་མོའི་སྒོ་ནས་བརྗོད་པར་ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་ཉན་པ་དང་། ཚོགས་རའི་ནང་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས།

    640 (1).jpg

    ཆོས་མཚོས་ཀུང་སིའི་ལས་མིར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།

    ལོ་འདི་དག་རིང་ལྕགས་རྟ་གྲོང་ཚོའི་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་ཟུང་འབྲེལ་བྱས་ཏེ། ཆོས་མཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་གི་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བ་སོགས་ཀྱི་ནང་དོན་གཙོ་གནད་སྒྲོག་འགྲེལ་བྱས་པ་རེད། 

    ལྕགས་རྟ་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་ཡེ་ཤེས་ཐུབ་བསྟན་གྱིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་དུ“གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བ་མཐའ་འཁྱོངས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད། ཞིང་ལས་ཀྱི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་མགྱོགས་པོ་བྱེད་པ། གྲོང་གསེབ་ཀྱི་ཐོན་ལས་དང་། ཤེས་ལྡན་པ། རིག་གནས། སྐྱེ་ཁམས། རྩ་འཛུགས་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ”བཅས་བཏོན་པ་ལས། ལྕགས་རྟ་གྲོང་ཚོའི་སླད་ཕྱིན་གྱི་འཕེལ་རྒྱས་ཁ་ཕྱོགས་དེ་བས་གསལ་དུ་ཕྱིན་ཡོད། ང་ཚོས་ས་གནས་འདི་གའི་གནའ་བོའི་ཚྭ་ཞིང་གི་ཐོན་ཁུངས་ལ་བརྟེན་ནས་སྐྱེ་ཁམས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སྔར་བས་ཤུགས་ཆེན་གཏོང་བ་དང་། མང་ཚོགས་ཀྱི་ཕྱུག་འགྱུར་ཐབས་ལམ་ཡངས་སུ་བཏང་སྟེ། གྲོང་མིའི་ཡོང་འབབ་སྔར་བས་མང་བ་དང་འཚོ་བ་སྔར་བས་ལེགས་སུ་གཏོང་གི་ཡིན་ཞེས་གདེང་ཚོད་ཆེན་པོས་བཤད།

    640 (2).jpg

    ཆོས་མཚོས་འཇང་མི་རིགས་ཤང་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།

    ངག་དབང་ཉི་མས་འདས་ཟིན་པའི་ལོ་བཅུའི་རིང་ཏང་གི་འགོ་ཁྲིད་འོག རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ལས་ང་ཚོའི་འཚོ་བ་ཉིན་རེ་བཞིན་ཡག་ཏུ་ཕྱིན་ཡོད། ང་ཚོས་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས་ཞེས་བཤད།

    640 (3).jpg

    ཆོས་མཚོས་ཏང་ཡོན་རྒན་གྲས་ངག་དབང་ཉི་མར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་པ།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་གི་སློབ་གསོའི་ལས་དོན་སྐོར་གྱི་གླེང་སྟངས་གསར་པ་དང་བླང་བྱ་གསར་པ་འཕྲལ་མར་སློབ་གྲྭའི་དགེ་སློབ་ཚོར་བརྒྱུད་སྤྲོད་བྱ་ཆེད། འཐུས་མི་ཆོས་མཚོས་འཇང་མི་རིགས་ཤང་སློབ་ཆུང་དུ་བསྐྱོད་ནས་དགེ་སློབ་དང་སྤེལ་རེས་སྒྲོག་འགྲེལ་བྱས་པ་རེད།

    ཁེ་ལས་དང་། གྲོང་གསེབ། སློབ་གྲྭ་སོགས་སུ་སྐྱོད་རིམ་བཞིན་འཐུས་མི་ཆོས་མཚོས་ཚང་མ་དང་འཚོ་བའི་གནས་ཚུལ་དང་། སྒྱུར་བཅོས། འཕེལ་རྒྱས་བཅས་ཀྱི་སྐོར་གླེང་བ་དང་། མང་ཚོགས་ཀྱིས་གོ་བདེ་ལ་ཤེས་སླ་བའི་སྒྲོག་འགྲེལ་བྱེད་སྟངས་ལ་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།