དབུ་ཤོག>ཆེད་སྒྲིག
  • མཐའ་མཚམས་སུ་གཞི་ཚུགས་ཏེ། མི་དམངས་ལ་བརྩེ་སེམས་འཆང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-13

    ཁྱིམ་གཞིས་ནི་ཡུལ་སྨད་དང་རྒྱལ་ཁོངས་ནི་ཀྲུང་གོ་ཡིན། 2017ལོའི་ཟླ་10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་ལ་འཕྲིན་ལན་སྤྲིངས་ནས། ཤང་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ལ“ང་ཚོས་མེས་རྒྱལ་ས་ཁོངས་ཀྱི་རྩྭ་རྩི་ཤིང་ཚུན་ཆད་སྲུང་སྐྱོང་ཡག་པོ་བྱེད་དགོས། ཁྱེད་ཚོས་མུ་མཐུད་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་དང་འབྲོག་པ་མང་ཚོགས་སྔར་བས་མང་བ་སྣེ་ཁྲིད་དེ། སྐལ་བཟང་མེ་ཏོག་བཞིན་གངས་ལྗོངས་ཀྱི་མཐའ་མཚམས་སུ་རྩ་བ་ཚུགས་ནས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་པའི་རེ་བ་ཡོད”ཅེས་ཐུགས་རེ་ཟབ་མོ་བཅོལ་གནང་བ་རེད།

    ལོ་ལྔའི་རིང་། ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པས་མངགས་བཅོལ་བློ་ལ་བརྟན་པོར་བཅངས་པ་དང་མཐའ་མཚམས་ཀྱི་འགག་སྒོར་གཞི་ཚུགས་ཏེ། མང་ཚོགས་ཀྱིས་ཕྱུགས་འཚོ་བཞིན་མཐའ་མཚམས་སྲུང་བ་དང་དར་རྒྱས་ཕྱུག་འགྱུར་ཡོང་བར་ཞབས་འདེགས་ཞུས་ཡོད། ད་ཆ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཤར་རླུང་དང་བསྟུན་ཏེ། ཁོང་ཚོས་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པའི་འགན་འཁྲི་དང་ལས་འགན་མུ་མཐུད་ཡག་པོ་བསྒྲུབས་ནས། ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་མཐའ་མཚམས་བསྲུངས་ཏེ་མཐའ་མཚམས་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་སྐྲུན་བཞིན་ཡོད།

    མི་རབས་གསར་པའི་ཡུལ་སྨད་བ་ཚང་མ་མཐའ་མཚམས་སྲུང་མཁན་ཤ་སྟག་ཡིན་པ།

    དུས་ཀྱི་འཁོར་ལོས་འཕོ་འགྱུར་ཆེན་པོར་བདེན་དཔང་བྱས། ཁྱིམ་ཚང་གཅིག་གི་ནང་མི་གསུམ་ནས་ཡུལ་མི་བརྒྱ་ཕྲག་བར་དང་། མཁའ་ལམ་ནས་གཞུང་ལམ་བར། ས་ཆ་གཞན་དང་བར་ཐག་ཆོད་པའི་ཁེར་ཆགས་གླིང་ཕྲན་ཞིག་ནས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་ཞིག་བར་སོགས་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པས་ཡུལ་སྨད་འཕེལ་རྒྱས་ཀྱི་བདེན་དཔང་བྱས་ཡོད་ལ་དེའི་ནང་ཞུགས་ཡོད།

    ཟླ་10ཚེས་23ཉིན། ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་བརྙན་ལམ་བརྒྱུད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་སྒྲོལ་དཀར་དང་མཉམ་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱས་པའི་མྱོང་ཚོར་སྤེལ་རེས་བྱས་ཤིང་། བརྙན་ལམ་ནང་ཚང་མས་སོ་སོའི་མྱོང་ཚོར་གླེང་བས་རྣམ་པ་ཧ་ཅང་འཁྲུག་ཆ་དོད། ཏང་སྲིད་དམག་ཉེན་དམངས་ཀྱིས་མཉམ་དུ་སློབ་སྦྱོང་དང་སློབ་གསོ་སྤེལ་ཞིང་། ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་སྣེ་ཁྲིད་ནས་གཞི་གཅིག་ཅན་གྱི་གསར་བརྗེའི་སློབ་གསོའི་རྟེན་གཞི་བཏོད་ཡོད། མིག་སྔར། ཡུལ་སྨད་ཤང་ཏང་ཨུད་ཀྱིས་སྒྲིག་འཛུགས་སྐུལ་སློང་དང་། འཐུས་མི་སྒྲོལ་དཀར་གྱིས་སྒྲོག་འགྲེལ། ཏང་ཡོན་ཞབས་ཞུའི་རུ་ཁག་དང་། ཏང་ཡོན་དྲིལ་བསྒྲགས་རུ་ཁག ཏང་ཡོན་སློབ་ཁྲིད་རུ་ཁག ཏང་ཡོན་རོགས་སྐྱོར་རུ་ཁག་སོགས་དེའི་ནང་ཧུར་ཐག་ཞུགས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་འཕྱུར་ཡོད།

    “མི་དམངས་མང་ཚོགས་ཀྱིས་ས་ཆ་གང་དུ་ཐོན་སྐྱེད་དང་ཕྱུགས་འཚོས་ཚེ། སྐོར་གཡེང་དོ་དམ་ཚོད་འཛིན་དེ་གར་ཁྱབ་པ་བྱས་ཡོད”“སྡོད་གནས་ནི་སོ་ལྟ་ཁང་དང་མཐའ་མཚམས་མི་སེར་ནི་སྲུང་དམག་ཅིག་རེད”ཡུལ་སྨད་ཤང་དུ་བཅའ་སྡོད་ཀྱི་ཁྲིམས་འཛིན་སྟོབས་ཤུགས་དང་པོ་ཡིན་པའི་ངོས་ནས། གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པས་ཉེན་རྟོག་པ་དང་བཅའ་སྡོད་བྱ་ཡུལ་འཐབ་ས་མདུན་མར་སྤོས་ནས། མི་དམངས་མང་ཚོགས་དང་མཉམ་དུ་མཐའ་མཚམས་སྲུང་བཞིན་ཡོད།

    “མཐའ་མཚམས་སྲུང་མཁན་དཔུང་ཁག་སྟོབས་ཆེར་སོང་བས་གདེང་ཚོད་དེ་བས་ཆེ་རུ་ཕྱིན་སོང”ན་གཞོན་དེ་བས་མང་བ་ཡུལ་སྨད་དུ་ཡོང་བ་མཐོང་སྐབས་སྒྲོལ་དཀར་དང་གཡང་འཛོམས་ཀྱིས་ན་གཞོན་སྐབས་ཀྱི་གནས་ཚུལ་ཇི་མ་ཇི་བཞིན་དྲན་གྱི་ཡོད།

    རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་ནི་ས་བོན་ཞིག་དང་འདྲ་བར་དྲོ་འཇམ་ཉི་འོད་འོག་རྩ་བ་བརྟན་པོར་ཚུགས་པ་དང་། གསོན་ཤུགས་རྒྱས་ནས་མི་རྣམས་ཧང་སངས་དགོས་པའི་སྟོབས་ཤུགས་ཤིག་མངོན་ཡོད།

    ས་ཕྱོགས་གཅིག་གི་བདེ་འཇགས་བསྲུངས་བས་ས་ཕྱོགས་དེའི་མི་རྣམས་ཀྱི་བསྔགས་བརྗོད་ཐོབ་པ།

    “གོ་རིམ་ཚད་ལྡན་དང་བྱ་སྤྱོད་བློ་ཐག་ཆོད་པོ་འདུག”དང་། “ཁོང་ཚོ་ནི་ཆེས་གཅེས་པར་འོས་པའི་མི་ཤ་སྟག་རེད”“ཨ་ཁུ་ཉེན་རྟོག་པ་ཚོར་ང་ཧ་ཅང་དགའ་པོ་ཡོད”ཅེས་པ་སོགས་གནས་སྤོས་ཡུལ་མི་དོ་དམ་ཉེན་རྟོག་པའི་བྱ་སྤྱོད་ཆུང་ཙག་ལ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཚོས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད།

    འདི་ལོའི་ཟླ་7པར། མང་ཚོགས་ཚེ་ཆེ་གེ་མོར་ཁ་བསླུས་རྒྱག་མཁན་གྱི་ཁ་པར་ཞིག་འབྱོར་རྗེས་རོགས་སྐྱོབ་རེ་ཞུའི་ཁ་པར་དུས་ཐོག་ཏུ་བརྒྱབ་པས། མི་དམངས་ཉེན་རྟོག་པས “འབྲེལ་གསུམ”ལམ་སྲོལ་བརྒྱུད་གློག་འཕྲིན་ཁ་བསླུས་གྱོད་གཞི་དེ་བདེ་བླག་ངང་བཀག་འགོག་ཐུབ་པ་རེད།

    འདི་ལོའི་ཟླ་9པར། ཁོངས་གཏོགས་ཁུལ་གྱི་ལས་ཡུལ་ཞིག་ཏུ་ངལ་རྩོལ་གླ་ཆའི་སྐོར་གྱི་རྩོད་གཞི་ཞིག་ཐོན་ཞིང་། “ཕྱོགས་གསུམ་པ་དང་དཔང་ཉན་འདུམ་འགྲིག་ཟུང་འབྲེལ”གྱི་ལམ་སྲོལ་བརྒྱུད་མི་དམངས་ཉེན་རྟོག་པས་མང་ཚོགས་ལ་དཔལ་འབྱོར་གྱོང་གུན་སྒོར་ཁྲི་20ལྷག་ཙམ་མི་ཕོག་པར་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་། མཐའ་སྲུང་མི་དམངས་ཉེན་རྟོག་པས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་སྔ་རྗེས་སུ་བཅའ་ཁྲིམས་དང་། གནས་ལུགས། བྱམས་བརྩེ་བཅས“ཐ་སྙད་གསུམ་གྱི་འདུམ་འགྲིག་བྱ་ཐབས”དང་། “དཔོན་གསུམ”གྱི་དོ་དམ་ཚོད་འཛིན་བྱེད་སྟངས། “12345”ཡི་ལས་ཀའི་བྱེད་ཐབས་བཅས་འཚོལ་ཞིབ་བྱས་པ་མ་ཟད། ད་དུང་དམངས་ཀྱི་གནས་ཚུལ་སྐོར་གྱི་ཉིན་ཐོ་དང་། དམངས་ཀྱི་གནས་ཚུལ་སྐོར་གྱི་ས་བཀྲ། དམངས་ཀྱི་གནས་ཚུལ་སྐོར་གྱི་རྩ་གཉིས་ཨང་རྟགས་བཅས་བཟོས་པ་དང་འབྲེལ“མཐེབ་གཅིག་ཉེན་བརྡའི”མ་ལག་དང“841”དྲ་མིག་ཉེན་དོན་རྣམ་པ་སོགས་སྤྱི་ཚོགས་ངོས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལམ་སྲོལ་སྤྱད་དེ་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་བྱས་ཡོད།

    “མི་དམངས”ཅེས་པའི་ཡིག་འབྲུ་གཉིས་གལ་ཆེའི་ནང་གི་འགངས་ཆེར་བཞག་པ།

    ཡུལ་སྨད་གྲོང་ཚོའི་གྲོང་མི་ཚེ་རིང་ཆོས་རྒྱལ་ནི་བློ་རིག་བཀྲ་བའི་མི་ཞིག་ཡིན་པས་རྟག་ཏུ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཚོ་དང་ཕྱུག་པོ་ཆགས་ཐབས་གྲོས་བསྡུར་བྱེད་ཀྱི་ཡོད། 2019ལོར། ཁོང་གིས་གྲོང་ཚོའི་ནང་གི་ཟོག་འདྲེན་རླངས་འཁོར་དང་པོ་དེ་ཉོས་ནས་སྐྱེལ་འདྲེན་ལས་ལ་གཞོལ་བས་ཕྱུག་པོའི་ལམ་དུ་བསྐྱོད་ཡོད།

    གསར་འགོད་པ་དང་འཕྲད་སྐབས། ཚེ་རིང་ཆོས་རྒྱལ་གྱིས་དགའ་སྤྲོའི་ངང “ངའི་མཐའ་འཁོར་ཚང་མ་འབྱོར་འབྲིང་འཚོ་བའི་མཚོན་ཚུལ་ཞིག་རེད”ཅེས་བཤད་པ་དང་། ཁོང་གིས “ང་ཚོས་སྐྱེལ་འདྲེན་རུ་ཁག་བཙུགས་པས། ལོ་ལྟར་ཡོང་འབབ་སྒོར་ཁྲི་བཞི་བཅུ་ལྔ་བཅུ་ཙམ་འདུག ཉེ་དུས་ས་བླུག་འཕྲུལ་འཁོར་དང་རྐོ་འདྲུ་འཕྲུལ་འཁོར་ཉོས་པས་འདི་ལོའི་ཡོང་འབབ་སྒོར་ཁྲི་བརྒྱ་ལྷག་ཙམ་ཡོང་རེ་ཡོད”ཅེས་བཤད།

    འཚམས་འདྲི་བྱས་ཚེ་ཉེན་རྟོག་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་འགྲོ་ཐུབ་ལ། མི་དམངས་ཉེན་རྟོག་པས་མང་ཚོགས་ཀྱི་གཞི་རྩའི་གནས་ཚུལ་ཡང་ཤེས་རྟོགས་ཐུབ་ནས་ཁོང་ཚོར་རོགས་རམ་དེ་བས་ལེགས་པ་བྱེད་ཐུབ། ཡུལ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་ཡོན་ཧའོ་ཅེ་ཡིས། མི་དམངས་ཉེན་རྟོག་པས་ལས་ཞོར་དུ་རྟག་ཏུ་གཞི་རིམ་དུ་བསྐྱོད་དེ་མང་ཚོགས་ལ་ཐོན་སྐྱེད་འཕེལ་རྒྱས་གཏོང་རོགས་བྱེད་ཀྱི་ཡོད། ཕྱོགས་ཁག་གི་ཐུན་མོང་འབད་བརྩོན་འོག་ཡུལ་སྨད་ཤང་གི་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུ་གསར་པར་སྐྱོད་བཞིན་ཡོད་ཅིང་། ཁོང་ཚོས་ཁྱིམ་ཚང་མགྲོན་ཁང་གཉེར་བ་དང་། ལག་ཤེས་བཟོ་རྩལ་གྱི་ཐོན་རྫས་བཟོ་ཁང་གཉེར་བ། དྲ་ཐོག་ཕྱིར་ཚོང་གི་ཐབས་ལམ་གཏོད་པ། “མཐའ་མཚམས་ཡུལ་སྐོར”དང“འབྲོག་ཁྱིམ་སྤྲོ་སྐྱིད་ཁང”གི་ཁྱད་ལྡན་ཡུལ་སྐོར་ཐོན་ལས་གཏོད་པ་སོགས་བྱས་པས་ཁྱིམ་ཚང་ཚང་མར་ཐོན་ལས་ཡོད་པ་དང་དུད་ཚང་ཚང་མར་འབབ་འཕར་ཡོད་པའི་རྣམ་པ་གསར་པ་ཞིག་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།