དབུ་ཤོག>ཆེད་སྒྲིག
  • ཡན་ཅིན་ཧའེ་ཡིས་ལྷ་སར་ལས་ཐོན་བསྐྱར་ཚུགས་དང་ཚོང་ཁྲོམ་བསྐྱར་ཚུགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-12

    ཚེས་10ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་ས་གྲོང་ཁྱེར་གྱི་ལས་ཐོན་བསྐྱར་ཚུགས་དང་ཚོང་ཁྲོམ་བསྐྱར་ཚུགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ནན་ཏན་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་གཞིར་བཟུང་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་འབྲས་མཐོ་པོའི་སྒོ་ནས་སྤྱི་འདོམས་བྱས་ཏེ་ཁེ་ལས་ལ་རོགས་རམ་དང་དཀའ་ངལ་སེལ་བའི་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་པ་དང་། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། ཁྲོམ་རའི་འཛད་སྤྱོད་ལ་གོམ་སྟབས་བརྟན་པོའི་ངང་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལས་ཐོན་བསྐྱར་ཚུགས་དང་ཚོང་ཁྲོམ་བསྐྱར་ཚུགས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་སྔ་རྗེས་སུ་སྣེའུ་ཁུལ་གསར་གྱི་བཙོག་ཆུ་གཙང་གསིང་བཟོ་གྲྭ་དང་དེ་བཞིན་ལེ་ལག་ཚང་བའི་མདོང་དྲ་གཙོ་བོའི་དུས་ཐེངས་དང་པོའི་ལས་གྲྭ་དང་ལྷ་ས་གྲོང་ཁྱེར་བྱང་སྐོར་ལམ་དང་གནམ་སྔོན་ལམ་གྱི་སྒྱུར་བཀོད་ལས་གྲྭའི་རྣམ་གྲངས་ཀྱི་ལས་ཡུལ་དངོས་སུ་ཕེབས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་ལས་ཐོན་བསྐྱར་ཚུགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ཁེ་ལས་ལ་མིག་སྔར་ད་དུང་དཀའ་ངལ་གང་དག་ཡོད་མེད་བྱམས་བརྩེ་ཆེན་པོས་བཀའ་འདྲི་གནང་བ་རེད། ཁོང་གིས། འགོ་མཇུག་གཟབ་འཁྱོངས་ཀྱིས་གདུབ་ཟུམ་དོ་དམ་ཡག་པོ་བྱེད་པ་དང་རིམས་འགོག་གི་བྱ་ཐབས་དོན་འཁྱོལ་གྱིས་བདེ་འཇགས་ལ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འཕེལ་རིམ་མགྱོགས་སུ་གཏོང་བ་དང་། སྤུས་ཚད་འགན་ལེན་བྱེད་པ། བདེ་འཇགས་ལ་དོ་སྣང་བྱེད་པ་བཅས་བྱས་ནས་རྣམ་གྲངས་སྔ་ཙམ་ལས་མཇུག་འགྲིལ་བའི་འགན་ལེན་བྱས་ཏེ་མི་རིགས་ཁག་གི་མི་དམངས་ལ་སྔ་ཙམ་ཕན་པ་སྐྲུན་དགོས། ཞབས་ཞུའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་ཨར་སྐྲུན་དང་། དངོས་ཟོག་གཏོང་འདྲེན། བཟོ་པའི་འཚོ་བ་སོགས་ཀྱི་དཀའ་ངལ་རིམ་ཁག་སྲིད་གཞུང་གིས་ཐབས་བརྒྱ་ཇུས་སྟོང་ངང་ཐག་གཅོད་ཡག་པོ་དང་མགྱོགས་མྱུར་བྱེད་པ་དང་། རང་སྐྱོང་ལྗོངས་ཀྱིས་བཟོས་ནས་བཏོན་པའི་ཁེ་ལས་ལ་རོགས་རམ་དང་དཀའ་ངལ་སེལ་བའི་སྲིད་ཇུས་29རིམ་ཁག་སྲིད་གཞུང་གིས་ཐབས་བརྒྱ་ཇུས་སྟོང་ངང་དོན་འཁྱོལ་ཡག་པོ་དང་མགྱོགས་མྱུར་བྱས་ནས་ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་ལ་ནུས་ཤུགས་ཡོད་རྒུས་གཡས་གཞོགས་གཡོན་འདེགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ད་དུང་ཚན་རིག་དང་མཐུན་པའི་སྐུ་ལྷ་དར་གདོང་སྤུས་ལེགས་སྒོ་རྩིས་ཚོང་ཁང་དང་། བྲོ་བ་སྣ་འཛོམས་རྒྱ་ཁོག་ཟ་ཁང་ལ་སྐབས་བསྟུན་བཅར་འདྲི་གནང་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་དང་ཚོང་ཁྲོམ་བསྐྱར་ཚུགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་གནང་བ་དང་ཆབས་ཅིག སྒོ་རྩིས་ཚོང་ཁང་གི་འགན་འཁུར་བ་དང་ཚོང་དུད་དབར་སྤེལ་རེས་གཏིང་ཟབ་ཀྱང་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།