དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་ཞིང་འབྲོག་པའི་འབབ་འཕར་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-11

    ཚེས་9ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་གྱིས་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་འབབ་འཕར་ལས་དོན་གྱི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཚོགས་འདུའི་ཐོག་དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ཞིང་འབྲོག་པའི་འབབ་འཕར་ལས་དོན་ལ་ཕྱོགས་སྡོམ་དང་། མིག་སྔའི་དུས་བབ་ལ་དབྱེ་ཞིབ་དང་བརྡར་གཅོད། དུས་ཚིགས་བཞི་པའི་ཞིང་འབྲོག་པའི་འབབ་འཕར་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་ནས་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་པ་རེད།

    ཚོགས་འདུའི་ཐོག་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་ནས་འབབ་འཕར་ལས་དོན་གྱི་དོན་སྙིང་གལ་ཆེན་ངོས་འཛིན་གང་ལེགས་ཐུབ་པར་བྱེད་དགོས་པ་དང་། མིག་སྔའི་དུས་བབ་ཁོང་དུ་ཡང་དག་ཆུད་པར་བྱས་ནས་འབབ་འཕར་ལས་དོན་གྱི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་གཏོང་དགོས་པ། ལས་དོན་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས་ལོ་འཁོར་གྱི་འབབ་འཕར་ལས་དོན་གྱི་དམིགས་ཚད་མངོན་འགྱུར་ཡོང་བའི་འགན་ལེན་བྱེད་དགོས་པ། དངུལ་རྩའི་ཡིད་རྟོན་དངུལ་བུན་སྲིད་ཇུས་ལ་དམ་འཛིན་ནན་པོ་བྱས་ནས་གཉེར་སྐྱོང་བྱེད་པོ་སྣ་ཚོགས་འཕེལ་རྒྱས་མགྱོགས་པོ་འགྲོ་བར་རྒྱབ་སྐྱོར་བྱེད་དགོས་པ། ཁྲིམས་བཞིན་བསྡོམས་རྩིས་ལས་དོན་ལ་དམ་འཛིན་ནན་པོ་བྱས་ནས་ཞིང་འབྲོག་པའི་འབབ་འཕར་ཐད“བསྡོམས་རྩིས་རྒྱག་དགོས་རིགས་ཚང་མ་བསྡོམས་རྩིས་རྒྱག་ཐུབ་པའི”འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།