དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་དྲིལ་བསྒྲགས་བསམ་བློའི་འཐབ་ཕྱོགས་ཀྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ཆེད་དོན་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-11

    ཚེས་9ཉིན་གྱི་སྔ་དྲོ། ལྗོངས་ཡོངས་ཀྱི་དྲིལ་བསྒྲཌ་བསམ་བློའི་འཐབ་ཕྱོགས་ཀྱིས་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཆེད་དོན་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་འཚོགས་པ་རེད། ལྗོངས་ཐད་གཏོགས་ཀྱི་དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཁོངས་གཏོགས་ཀྱི་ཚན་པ་ཁག་དང་། ས་ཨུད་གྲོང་ཨུད་དང་རྫོང(ཆུས)ཨུད་དྲིལ་བསྒྲགས་པུའུ་ཁག་དང་དེ་བཞིན་གྲོང་ཁྱེར་དང་རྫོང་ཁོངས་གཏོཌ་ཀྱི་དྲིལ་བསྒྲགས་བསམ་བློའི་རིག་གནས་ཚན་པ་ཁག་གི་མི་2000ལྷག་ཙམ་ཚོཌ་འདུར་ཞུཌ་ཡོད་པ་རེད།

    ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཚོགས་འདུར་ཕེབས་པ་དང་འབྲེལ་ཆེད་དོན་ཟུར་ཁྲིད་སྙན་ཞུའང་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས། འཐབ་ཕྱོགས་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྲིད་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལྟར། སློབ་སྦྱོང་གཏིང་ཟབ་དང་ངོས་འཛིན་ཞིབ་ཚགས་དང་། སྒྲོག་འགྲེལ་སློབ་གསོ། དྲིལ་བསྒྲགས་ངོ་སྤྲོད། ཞིབ་འཇུག་འཆད་འགྲེལ། ལག་བསྟར་དོན་འཁྱོལ་བཅས་བྱེད་པའི་ཐད་འབད་བརྩོན་བྱས་ཏེ“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ནུས་སེམས་གཅིག་སྒྲིལ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་མུ་མཐུད་ལག་བསྟར་དོན་འཁྱོལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཀྱི་འཐབ་ཇུས་རང་བཞིན་གྱི་ལས་འགན་ནན་ཏན་ངང་དོན་འཁྱོལ། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགོ་ཁྲིད་དབང་ཆ་སྟངས་འཛིན་ནན་པོ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཤུགས་ཆེན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྐུལ་འདེད་གཏིང་ཟབ། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་པའི་ལས་དོན་རང་འགུལ་ངང་ཧུར་ཐག་སྤེལ་བ། དྲིལ་བསྒྲགས་ལས་བྱེད་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ”བཅས་གཙོ་གནད་ལས་འགན་ཁག་དགུ་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་གསར་པ་དེ་བས་ཆེ་བ་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།