དབུ་ཤོག>ཆེད་སྒྲིག
  • ​སེམས་ནུས་གཅིག་སྒྲིལ་འཕེལ་རྒྱས་དོན་གཉེར་བྱེད། ཞུམ་མེད་མདུན་སྐྱོད་ལེའུ་གསར་རྩོམ་ལ་གཞོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-10

    ཟླ་11ཚེས་8ཉིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་ཤིང་། སྙན་ཞུའི་ཚོགས་འདུའི་ཐོག་བརྙན་ལམ་ཚོགས་འདུའི་རྣམ་པའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་གསལ་འགྲེལ་དང་འགྲེལ་བཤད་བརྒྱབ་ནས། ཚང་མར་ངོ་མཚར་ཆེ་ལ་གསོན་ཉམས་དོད་པའི་ཏང་གི་སློབ་ཚན་ཞིག་ཁྲིད་པ་རེད། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་སྒྲོག་འགྲེལ་ཉན་རྗེས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་གོ་བ་ལོན་ཚད་སྔར་བས་གཏིང་ཟབ་ཏུ་ཕྱིན་པ་དང་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་སྔར་བས་འཕེལ་སོང་། ང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། ཕྱོགས་ཡོངས་ནས་སློབ་སྦྱོང་དང་། ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་ལ་ཤུགས་སྣོན་རྒྱག་པ། ལས་གནས་ཐོག་གཞི་ཚུགས་པ་དང་དཀའ་སྤྱད་སྙིང་རུས་ཀྱིས་ལས་ཀ་བྱེད་པ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མཐུན་སྒྲིལ་འབད་འཐབ་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བཅས་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གངས་ལྗོངས་ས་མཐོར་རྩ་བ་ཚུགས་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་མགྲིན་གཅིག་ཏུ་བཤད།

    “གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་བརྩི་སྲུང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས།

    “ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནི་དར་ཆ་གསལ་སྟོན་དང་། བརྗོད་དོན་མངོན་གསལ་དོད་པ། ཚུགས་གནས་མཐོ་བ། གཟིགས་རྒྱང་རིང་བ་བཅས་ཀྱི་སྙན་སྒྲོན་ཞིག་ཡིན་ཞིང་། དེ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཡིན་པས། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ལ་སྐུལ་མ་ཆེན་པོ་ཐེབས་པ་དང་ངར་ཤུགས་ཆེས་ཆེར་འཕེལ་ཡོད” སྒྲོག་འགྲེལ་སྙན་ཞུ་ཉན་རྗེས། རང་སྐྱོང་ལྗོངས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཐིང་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཐིང་ཀྲང་ཏིང་ཀྲེ་ཧྥུང་གིས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་བོད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་དང་ཇུས་འགོད་བྱས་ཏེ། དུས་རབས་གསར་པའི་བོད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་ཞབས་འདེགས་ཞུ་བའི“དོན་ཆེན་བཞི”དང“འཛུགས་གཏོད་བཞིའི”འཇུག་གཞི་ཡང་དག་འཚོལ་བ་དང་། དམག་ཞབས་ཐིམ་པའི་དམག་མིའི་ཞབས་ཞུ་འགན་ལེན་ཡག་པོ་དང་ནུས་པ་འདོན་སྤེལ་ཡག་པོ་བྱེད་ཀྱི་ཡིན་ཞེས་བཤད།

    རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་ཏང་སྲོལ་སྲིད་སྲོལ་ལྟ་སྐུལ་ཁང་གི་ཀྲུའུ་རེན་གཞོན་པ་ཡོན་ཏུང་ཧྲེང་གིས། “སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ང་ཚོས་ད་ཐེངས་ཀྱི་སྙན་ཞུའི་ཚོགས་འདུ་གོ་སྐབས་སུ་བྱས་ནས་གཙོ་འགན་གཙོ་ལས་ལ་དམིགས་པ་དང་། ཏན་ཏིག་དང་ནུས་ལྡན་གྱི་བྱེད་ཐབས་སྤྱོད་པ། ཏང་ཡོན་ལས་བྱེད་པས་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་དང་དངོས་འཛིན་དངོས་སྒྲུབ་དོན་གཉེར་བྱེད་པར་ལྟ་སྐུལ་བྱེད་པ། ཏང་གཤིས་བློ་སྦྱོང་དང་སྤྱོད་ཚུལ་ལེགས་སུ་གཏོང་བར་ཤུགས་སྣོན་རྒྱག་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ལ་དམ་པོར་དམིགས་པ།‘སྤྱོད་ཚུལ་བཞི’མུ་མཐུད་བཅོས་སྒྲིག་གཏིང་ཟབ་བཅས་བྱས་ཏེ། སྒྲིག་ཁྲིམས་ནན་པོ་དང་། སློབ་སྲོལ་ཏན་ཏིག དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་གི་ཡིན”ཞེས་བཤད།

    “ད་ཐེངས་སྒྲོག་འགྲེལ་གྱི་བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་དང་། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ། འགྲེལ་བཤད་གཏིང་ཟབ་ལ་གོ་བདེ་བ་བཅས་ཡོད་པས། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཤེས་རྟོགས་དང་ངོས་འཛིན་གཏིང་ཟབ་ཐུབ་རྒྱུར་ཕན་ཐོགས་ཆེན་པོ་བྱུང” བོད་ལྗོངས་ཞིང་འབྲོག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཝང་ཤང་ཐའོ་ཡིས་མཐོ་གྲང་ཁུལ་གྱི་ན་ཁ་སྲུང་སྐྱོང་དང་ཕྱུགས་རྩྭ་འདེབས་གསོའི་ཐོན་ཁུངས་སོགས་ལ་ཞིབ་འཇུག་དང་སློབ་ཁྲིད་བྱས་ནས་ལོ་བཅུ་ལྷག་ཙམ་འགྲོ་གི་ཡོད་ཅིང་། ན་གཞོན་དགེ་རྒན་ཞིག་གི་ངོས་ནས་ཁོང་ལ་ཕྲག་ཐོག་གི་འགན་འཁྲི་ལྕི་པོ་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་། “སློབ་ཁྲིད་ལས་དོན་ཁྲོད་ངས་ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་གྱིས་ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ། ཏང་དང་རྒྱལ་ཁབ་ཆེད་ཤེས་ལྡན་པ་གསོ་སྐྱོང་དང་། ཚན་ཞིབ་ལས་དོན་ཁྲོད་ངས་རང་ངོས་ཀྱི་ཞིབ་འཇུག་རྨང་གཞི་དང་ཟུང་འབྲེལ་གྱིས་རི་སྐྱེས་སོན་རྒྱུའི་ཐོན་ཁུངས་འཚོལ་བསྡུ་དང་ས་གནས་དེ་གའི་གཟན་རྩྭའི་སོན་བཟང་སྣོན་འདེབས་བྱེད་པ་དང་། ཞིབ་འཇུག་བྱས་པ་བརྒྱུད་ཞན་འགྱུར་ན་ཁའི་ས་རྒྱུའི་སོན་ཁུངས་ཀྱི་སྤུས་ཚད་ལེགས་སུ་གཏོང་བ་དང་ན་ཁའི་ཐོན་སྐྱེད་དང་སྐྱེ་ཁམས་ནུས་པ་ཆེ་རུ་བཏང་སྟེ། མཚོ་བོད་ས་མཐོའི་ས་ཁོངས་ཀྱི་སྐྱེ་ཁམས་བདེ་འཇགས་འཛུགས་སྐྱོང་ཆེད་ལེགས་སྐྱེས་འབུལ་གྱི་ཡིན”ཞེས་བཤད།

    འགན་འཁྲི་ཕྲག་ཏུ་ཁུར་ནས་ལས་དོན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས།

    ངོ་མཚར་ཆེ་བའི་སྒྲོག་འགྲེལ་ལས་དངོས་འཛིན་དངོས་སྒྲུབ་དང་རང་འགན་འཁུར་ཐེག་པ་འཁུར་ལེན་བྱེད་པའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཧུར་སེམས་དང་སྤྲོ་སེམས་སྔར་བས་འཕེལ་བ་མ་ཟད། བྱ་སྤྱོད་དངོས་ཀྱི་ཐོག་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་གདེང་ཚོད་སྔར་བས་ཆེ་རུ་དང་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་ཡོད།

    ལོ་བཅུའི་གོང་། ཆབ་མདོའི་ཁྲོམ་གཞུང་དང་སྲང་ལམ་ཁག་གི་ཚོང་དུད་རེར་གློག་གཏོང་འཕྲུལ་འཁོར་ཆུང་གྲས་རེ་ཡོད་པ་དེར་བརྟེན་ནས་གློག་སྤྱོད་འགན་ལེན་བྱེད་ཀྱི་ཡོད་པ་དང་ཞིང་འབྲོག་མང་ཚོགས་ཀྱི་ཁྱིམ་དུ་གློག་སྒྲོན་ཁོ་ན་ལས་མེད། ལོ་བཅུའི་རྗེས་ཀྱི་ད་ཆ། ཆབ་མདོའི་མང་ཚོགས་ལ་གློག་དྲ་གཙོ་བོ་ཁྱབ་ཚད་21%ནས་95.2%བར་མཐོ་རུ་ཕྱིན་ནས“གློག་སྤྱོད་རྒྱུ་ཡོད་པ”ནས“གློག་ཡག་པོ་སྤྱོད་རྒྱུ་ཡོད་པའི”བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་དམིགས་ཚད་ལས་འགན་དག་དོན་ཐོག་ཏུ་འཁྱོལ་བར་བྱེད་ཀྱི་ཡིན”ཞེས་བཤད།

    “‘དུས་ཐོག་ཆར་པ’ལྟ་བུའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུས་ངས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་རིགས་པའི་གཞུང་ལུགས་ཀྱི་ཉིང་བཅུད་དང་དགོངས་དོན་གྱི་ངོ་བོ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་ཤེས་རྟོགས་དང་ཁོང་དུ་ཆུད་པར་ཕན་ཐོགས་ཆེན་པོ་བྱུང་ལ། སླད་ཕྱིན་གྱི་སྒྲོག་འགྲེལ་ལས་དོན་སྤེལ་བར་ཡང་ཡིད་ཆེས་ཀྱིས་ཁེངས་སོང”ཞེས་བཤད། སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་གྱི་རིམ་པ་བཞི་པའི་ཀྲུའུ་རེན་ཁོའོ་ཡོན་དང་མཁར་རྨོག་གྲོང་ཚོར་བཅའ་སྡོད་ཁྲབ་རྨོག་གྲོང་རྡལ་སྲིད་གཞུང་གི་ལས་དོན་རུ་ཁག་གི་རུ་དཔོན་ཁྲེན་ལི་པིན་གྱིས་ཉེ་ཆར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱེད་པའི་ཐད་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། དེ་རིང་ཁོང་གིས་སྤོ་བོ་རྫོང་གི་ཡན་ལག་ཚོགས་རར་སྒྲོག་འགྲེལ་སྙན་ཞུ་ཉན་པ་མ་ཟད་ཟིན་བྲིས་ཀྱང་བརྒྱབ་ཅིང་། ཁོང་གིས། “མཁར་རྨོག་གྲོང་ཚོས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུར་དམིགས་ནས། རྒྱལ་ལམ་318ལམ་རྒྱུད་ཀྱི་ས་ཁོངས་ཀྱི་ལེགས་ཆ་དང་གངས་རི་དང་ཉེ་བའི་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ཏེ‘གྲོང་ཚོ་གཅིག་དང་ཁུལ་གསུམ’བཏོད་དེ། གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།

    བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་གྱིས་རྒྱང་ལམ་རླབས་པོ་ཆེར་འབད་འཐབ་བྱེད་དགོས།

    ཆུ་ཚོད་གཉིས་ཙམ་གྱི་སྒྲོག་འགྲེལ་བྱེད་རིང་ཚང་མས་ནན་ཏན་ངང་ཉན་པ་དང་། བློ་རྩེ་གཅིག་སྒྲིམ་གྱིས་ཟིན་བྲིས་འགོད་པ། བསམ་གཞིག་ནན་པོ་བཅས་བྱས་པས། ཐུན་མོང་གི་ངོས་འཛིན་སྒྲོག་འགྲེལ་ཁྲོད་གཅིག་སྡུད་དང་བསམ་བློའི་ངོས་འཛིན་སློབ་སྦྱོང་ཁྲོད་ཟབ་ཏུ་སོང་ཡོད།

    “སྒྲོག་འགྲེལ་སྙན་ཞུའི་ནང་དོན་དོན་དངོས་ལས་དོན་དང་འཚམ་ལ། དེ་ལས་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ནང་སེམས་ལ་ཟུག་པ་དང་ཕྱིའི་བྱ་སྤྱོད་ཐོག་འཁྱོལ་རྒྱུར་ཕན་ཐོགས་བྱུང” མངའ་རིས་ས་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལིན་ཤིན་ཕིང་གིས། གསར་འགྱུར་ལས་དོན་པ་ཞིག་ཡིན་པའི་ངོས་ནས་གསར་འགྱུར་གླེང་ཕྱོགས་ལས་དོན་གྱི་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་བཅངས་ཏེ། སྙིང་སྟོབས་ཆེར་སྐྱེད་དང་གཞུང་འཁྱོངས་གསར་འབྱེད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་དྲིལ་བསྒྲགས་འཕྲིན་སྤེལ་ལས་དོན་ཡག་པོ་བསྒྲུབས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མངའ་རིས་སུ་རྩ་བ་ཚུགས་ནས་མྱུ་གུ་འབུས་པ་དང་མེ་ཏོག་བཞད་ནས་འབྲས་བུ་སྨིན་རྒྱུར་སྐུལ་འདེད་གཏོང་གི་ཡིན་ཞེས་བཤད།

    “ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ནམ་ཡང་ཚར་དུས་མེད་པ་དང་ཏང་གི་རང་ངོས་གསར་བརྗེར་ནམ་ཡང་ཚར་དུས་མེད”ཅེས་བསྟན་ཡོད། མངའ་རིས་ས་ཁུལ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཝུའེ་ཡིས། མངའ་རིས་ས་ཁུལ་གྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྒྱ་ཆེའི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་འཐབ་རྩོད་བྱེད་ཕོད་པ་དང་འཐབ་རྩོད་བྱེད་མཁས་པོ་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་འགན་འཁྲི་སེམས་ལ་འཆང་བ་དང་། འགན་འཁྲི་ཕྲག་ཏུ་འཁུར་བ། འགན་འཁྲི་ལག་ལེན་ཐོག་འཁྱོལ་བ་བཅས་བྱས་ཏེ། དུས་རབས་གསར་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་སྟངས་འཛིན་ཡང་དག་བྱེད་པ། གནས་ཚུལ་གསར་པ་དང་འགྲན་སློང་གསར་པར་རང་འགུལ་ངང་ཁ་གཏད་གཅོག་པ། ནན་པོ་རྩ་བར་འཛིན་པའི་རྩ་བའི་དགོངས་གཞིར་བརྟེན་ནས་སྤྱོད་ཚུལ་ལེགས་སུ་དང་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ཐོག་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱེད་སྤྱོད་ལ་ཆད་པ་ནན་པོ་གཅོད་པ་བཅས་བྱས་ནས། མངའ་རིས་ཀྱི་བྱ་གཞག་ཁག་ལ་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱེད་ཀྱི་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།