དབུ་ཤོག>ཆེད་སྒྲིག
  • གླ་ཚེར་ནགས་ཚལ་ཁྲོད་ནས་དགའ་བའི་འཛུམ་མདངས་འཕྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-09

    ཟླ་8པའི་ཟླ་འགོར་ལྷུན་རྩེ་རྫོང་དུ་ནམ་མཁའ་སྔོ་ཞིང་དྭངས་ལ་ཉི་འོད་རབ་ཏུ་འཕྲོ།

    དུས་རབས་20པའི་ལོ་རབས་60པར་དེ་གར་གནམ་གཤིས་ཧ་ཅང་ཞན་པོ་ཡོད་པ་བསམ་བློའི་ཡུལ་ལས་འདས་སྲིད། ལྷུན་རྩེ་རྫོང་ཧི་མ་ལ་ཡའི་བྱང་འདབས་སུ་གནས་པ་དང་ས་བབ་མཐོ་ཚད་སྨི་3800ལྷག་ཙམ་ཡོད། སྐབས་དེ་དུས་ལྷུན་རྩེ་རོང་གཞུང་དུ་ལོ་འཁོར་མོའི་ཟླ་བརྒྱད་ལྷག་ཙམ་བྱེ་རླུང་ལྡང་བས་གནམ་དྭངས་སྐབས་བྱེ་རྡུལ་གང་སར་འཚུབ་ཅིང་ཆར་པ་བབས་ཚེ་འདམ་རྫབ་ཀྱིས་ཁེངས་ནས་མི་སེར་ཚོར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད།

    “ད་ལྟ་གནམ་གཤིས་དེ་འདྲ་མ་རེད། དེ་སྔ་ང་ཚོའི་དེ་གར་འགུལ་ཙམ་བྱས་ནའང་ཐལ་རྡུལ་གྱིས་ཁེངས་ཀྱི་རེད་ཅེས་པའི་ཤོད་སྲོལ་མང་པོ་ཡོད”ཅེས་ལོ་75ལ་སླེབས་པའི་བགྲེས་སོང་བསོད་ནམས་ལྷ་རྒྱལ་གྱིས་གླ་ཚེར་ཁྲོད་ལས་ཀ་བྱེད་བཞིན་དུ་དེ་ལྟར་བཤད། ད་ལྟ་དེ་གར་འགྱུར་ལྡོག་ཆེན་པོ་དེ་འདྲ་ཡོང་དོན་ཐད། བསོད་ནམས་ལྷ་རྒྱལ་གྱིས“ཉེ་འགྲམ་གྱི་གླ་ཚེར་དེ་དག་ལ་མཛུབ་མོ་འཛུགས་བཞིན་དེས་ནུས་པ་ཆེན་པོ་ཐོན་ཡོད”ཅེས་དགའ་ཚོར་ངང་བཤད།

    “དེ་ཡང་མི་རབས་ནས་མི་རབས་བར་འཚོལ་ཞིབ་བྱས་པ་ལས་བྱུང་བ་ཞིག་རེད”ལོ་བདུན་ཅུར་སླེབས་པའི་རྒན་མོ་བསམ་གཏན་ལ“གླ་ཚེར་འདེབས་མཁན་རྨོ་བོ”ཞེས་འབོད་པ་དང་། ཁོང་གིས་གསར་འགོད་པར“‘ལྷུན་རྩེ་གནས་པ་བྱེད་དགོས་ན་ངེས་པར་དུ་བྱེ་མ་འཇགས་ཐུབ་པ་བྱེད་དགོས། བྱེ་མ་འཇགས་ཐུབ་པ་བྱེད་དགོས་ན་ལྗོན་ཤིང་མང་ཙམ་འདེབས་དགོས’འདི་ནི་ཤང་ཀྲང་རྒན་གྲས་རྣམ་འཛོམས་ཀྱིས་དེ་སྔ་རྒྱུན་དུ་ཤོད་པའི་སྐད་ཆ་ཞིག་རེད”ཅེས་བཤད།

    1964ལོར་ལྷུན་རྩེ་རྫོང་ཞིང་པ་ཤང་གི་ཤང་ཀྲང་གི་འགན་འཁུར་བའི་རྣམ་འཛོམས་ཧྲན་ཤིས་སུ་ལྟ་སྐོར་སློབ་སྦྱོང་ལ་སྐྱོད་སྐབས་ལྗོན་ཤིང་བཏབ་ན་བྱེ་བཅོས་ཐུབ་པ་ཤེས་རྟོགས་ཐུབ་ནས་ཕ་ཡུལ་དུ་ལོག་རྗེས་མང་ཚོགས་དང་མཉམ་དུ་བྱེ་ཐང་མུའུ་60ཡོད་པའི་སར་རྒྱ་ལྕང་དང་། སྦྱར་པ། གླ་ཚེར་སོགས་ཤིང་སྣ་5ཙམ་བཏབ།

    སྐབས་དེ་དུས་བསམ་གཏན་ལོ་17ལ་སླེབས་ཀྱི་ཡོད་པ་དང་ལྗོན་ཤིང་ལ་ཆུ་གཏོང་བའི་འགན་འཁུར་གྱི་ཡོད། ཁོང་གིས་ལྗོན་ཤིང་ཚང་མར་ཆུ་གཏོང་ཐུབ་པ་བྱས་ནས་ཉིན་ལྟར་ལོག་དུས་ཕྱི་ཤོས་ཡིན་པ་རེད།

    ཚོད་འདེབས་ཐེངས་མང་བྱས་པ་བརྒྱུད། མཐར་གླ་ཚེར་གཅིག་པུ་ས་རྒྱུ་གཤིན་པོ་དེའི་ཐོག་རྩ་བ་ཚུགས་ནས་ཡལ་འདབ་རྒྱས་ཐུབ་པར་བརྟེན། མང་མཚོ་དང་སྦྲ་སྒོར་སོགས་གྲོང་ཚོ་མང་དག་ཅིག་གིས་བྱེ་སའི་ཐོག་གླ་ཚེར་བཏབ་པ་རེད།

    གྲམ་ཐང་སྔོ་ལྗང་དུ་གྱུར་ཞིང་། དུས་རབས་ཕྱེད་ཀ་ལྷག་ཙམ་དཀའ་ཚེགས་ཆེན་པོས་འདེབས་འཛུཌ་བྱས་པ་བརྒྱུད་ལྷུན་རྩེ་རོང་གཞུང་དུ་སྤྱི་ལེ་40ལྷག་ཙམ་དང་ས་ཆ་བཟུང་ཚད་མུའུ་ཁྲི་7.5ཡོད་པའི“ལྗང་མདོག་སྲུང་བཅད”བསྐྲུན་ཡོད། ད་ཆ་གླ་ཚེར་གླིང་དང་ལྷུན་རྩེ་རྫོང་གི་འདམ་རའི་སྤྱི་གླིང་དུ་གང་སར་ཡཱ་ཙེ་སོགས་རི་སྐྱེས་འདབ་ཆགས་རྩེད་མོ་རྩེ་བ་དང་ལྟོ་འཚོལ་བཞིན་པ་མཐོང་ཆོས་སུ་གྱུར།

    2019ལོར་ལྷུན་རྩེ་རྫོང་རྒྱལ་ཡོངས་ཀྱི“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག”གི་ལག་ལེན་གསར་གཏོད་རྟེན་གཞི་ཁག་གསུམ་པར་གཏན་འཁེལ་བྱས་ཡོད། ལོ་དེའི་ཟླ་9པར་ལྷུན་རྩེ་རྫོང་གི་གླ་ཚེར་གླིང་འཛམ་གླིང་ཟིན་ཐོའི་ཁས་ལེན་དཔང་འདོན་སྒྲིག་གཞིས(WRCA)“འཛམ་གླིང་གི་མིས་བཟོས་འདེབས་འཛུགས་ཡུག་སྦྲེལ་གླ་ཚེར་ཆེ་ཤོས”ལ་ཁས་ལེན་དཔང་འདོན་བྱས་ཡོད།

    ད་ལྟ་མི་སེར་ལ“སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ”བྱུང་ལ་མི་1600ལྷག་ཙམ་ནགས་སྲུང་པ་བྱས་ཡོད། “ལྷུན་རྩེ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཚེ་རིང་རྒྱ་མཚོས་ཁོར་ཡུག་ལེགས་སུ་ཕྱིན་ཏེ་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་བྱུང་བ་དང་མང་ཚོགས་ཀྱི་ཡོང་འབབ་ཀྱང་མང་དུ་སོང་ཡོད། ཁོང་ཚོས་སྐྱེད་སྲིང་བྱས་པའི་སྤུས་ལེགས་ཀྱི་གླ་ཚེར་སྡོང་པོ་བོད་ཀྱི་ས་གནས་ཁག་ཏུ་འཚོང་བ་དང་ཆབས་ཅིག་གླ་ཚེར་འབྲས་བུ་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་ལས་ཀྱང་ཇུས་འགོད་བྱེད་བཞིན་ཡོད”ཅེས་བཤད། སྐྱེ་ཁམས་ལ་འགྱུར་ལྡོག་བྱུང་བས་ཕྱུགས་རིགས་འཚོ་སའི་ས་ཆའང་མང་དུ་ཕྱིན་ཡོད། 2021ལོར་ལྷུན་རྩེའི་གཞུང་དུ་རྒྱུད་པ་ལེགས་བཅོས་ཀྱི་བ་གླང་མགོ་གྲངས་1733བཙོངས་པར་འབབ་འཕར་སྒོར་ཁྲི་846.21དང་མི་རེར་ཆ་སྙོམས་འབབ་འཕར་སྒོར་1165བྱུང་ཡོད། དེས་མ་ཟད། ས་རྒྱུར་ཡང་ལེགས་བཅོས་ཆེན་པོ་བྱུང་སྟེ་བ་ཚྭ་ལྡན་ཚད་ཆུང་དུ་ཕྱིན་ཏེ་ནས་ཀྱི་ཆ་སྙོམས་མུའུ་རེའི་ཐོན་ཚད་རྒྱ་མ་300ནས་རྒྱ་མ་560བར་མང་དུ་ཕྱིན་ཡོད།

    “ཁོར་ཡུག་ལེགས་སུ་ཕྱིན་པ་དང་ཡོང་འབབ་མང་དུ་སོང་བ་ནི་གང་ལས་ཀྱང་ལྷག་པ་ཡོད། ‘ལྕང་མ་ང་ཡིས་བཏབ་ཡོད། ལྕང་ཆུ་ང་ཡིས་བཏང་ཡོད། ལྕང་མའི་བསིལ་གྲིབ་འོག་ལ། སྡོད་མཁན་ང་ཚོ་ན་གཞོན’ཞེས་པ་ལྟར། ད་ལྟ་ན་གཞོན་ཚོས་བྱེ་རླུང་ལྡང་བའི་སེམས་ཁྲལ་བྱེད་དགོས་མེད”ཅེས་བསོད་ནམས་ལྷ་རྒྱལ་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།