དབུ་ཤོག>ཆེད་སྒྲིག
  • བརྟན་ཐོག་ཡར་འཕེལ་གྱི་གོམ་སྟབས་བརྟན། འཕེལ་རྒྱས་ཀྱི་གྲུབ་འབྲས་གཡུར་དུ་ཟ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-08

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་དངུལ་ཁང་འགན་བཅོལ་ལྟ་འདོམས་ཅུས་ཀྱིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི“དོན་ཆེན་བཞི”དང“ལས་འགན་ཁག་གསུམ”ལ་དམ་པོར་དམིགས་ནས། དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་འཕེལ་རྒྱས་མྱུར་པོ་ཡོང་བར་སྐུལ་འདེད་བཏང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དངུལ་རྩའི་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

    ལོ་བཅུའི་རིང་། བོད་ཀྱི་དངུལ་ཁང་ལས་རིགས་སྒྲིག་གཞིའི་སྤྱིའི་མ་རྩ་སྒོར་དུང་ཕྱུར་1777.87ནས་སྒོར་དུང་ཕྱུར་6381.01བར་འཕར་བ་དེ་2012ལོ་ལས་ལྡབ་3.59འཕར་བ་དང་། དངུལ་བུན་ཁག་སྒོར་དུང་ཕྱུར་5365.93བར་འཕར་བ་དེ་2012ལོ་ལས་ལྡབ་8.99འཕར་ནས། གཞི་ཁྱོན་ཆེས་ཆེར་འཕར་ཏེ་དཔལ་འབྱོར་སྒྲིག་གཞི་ཁག་གི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་འགན་ལེན་ནུས་ལྡན་བྱུང་ཡོད། འགན་བཅོལ་ལས་རིགས་སྒྲིག་གཞིའི་སྤྱིའི་མ་རྩ་སྒོར་དུང་ཕྱུར་53.66བར་འཕར་བ་དེ་2012ལོ་ལས་ལྡབ་11.56འཕར་བ་དང་། འགན་བཅོལ་གྲོན་དངུལ་ཡོང་འབབ་སྒོར་དུང་ཕྱུར་39.98ཟིན་པ་དེ་2012ལོ་ལས་ལྡབ་5.26འཕར་ཡོད་པ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ལྗོངས་དངུལ་ཁང་འགན་བཅོལ་ལྟ་འདོམས་ཅུས་ཀྱིས་ས་མཐོའི་ཁྱད་ལྡན་ཐོན་ཁུངས་ཀྱི་ལེགས་ཆར་གཞི་འཛུགས་པ་དང་། ཁོངས་གཏོགས་ཁུལ་གྱི་དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་ཀྱིས་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཆེ་གྲས་བདུན་ལ་དམིགས་ནས་ཤུགས་རྒྱག་ས་གནད་འཁེལ་ངང་འཚོལ་བར་ཁྲིད་སྟོན་བྱས་ཏེ། ཁྱད་ལྡན་ལེགས་ཆའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། ཉེ་བའི་ལོ་གསུམ་རིང་རིམ་རྩིས་བྱས་ན་ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་ཡིད་རྟོན་དངུལ་བུན་གཏོང་བའི་སྤྱི་འབོར་སྒོར་དུང་ཕྱུར་1000ལྷག་ཙམ་ཟིན་ཡོད་པ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱི་དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་ཀྱིས་ཁྲོན་བོད་ལྕགས་ལམ་དང་མཚོ་བོད་ལྕགས་ལམ་གློག་རླངས་ཅན་སྒྱུར་བཀོད་དང་མཚོ་བོད་སྣུམ་རླངས་མདོང་ལམ་འཛུགས་སྐྲུན་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ལ་རྒྱབ་སྐྱོར་བྱས་ནས། བདེ་སྐྱིད་ཀྱི་ལམ་བུ་དང་མཐུན་སྒྲིལ་གྱི་ལམ་བུ་རེ་རེ་བཞིན་སྐྲུན་རོགས་བྱས་ཏེ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་ཏན་ཏིག་བཏང་ཡོད་པ་རེད།

    ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་རྒྱབ་སྐྱོར་བྱེད་པའི་ཐད། རང་ལྗོངས་ཀྱི་དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་ཀྱིས་ཀུན་ཕན་དངུལ་རྩའི“སྤྱི་འབོར་འཕར་བ་དང་། རིན་གོང་ཆག་པ། ཁྱབ་རྒྱ་ཆེ་བ”བཅས་ཀྱི་འཕེལ་རྒྱས་རྣམ་པ་རྒྱུན་འཁྱོངས་བྱེད་པར་སྐུལ་འདེད་ཧུར་ཐག་བཏང་ཡོད། 2022ལོའི་ཟླ་དྲུག་པའི་ཟླ་མཇུག་བར། ཀུན་ཕན་དངུལ་རྩའི་ཁྱབ་ཁོངས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་228.51ཟིན་པ་དེ་2012ལོ་ལས་ལྡབ་8.64འཕར་ཡོད། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན་ཁེ་ལས་ལ་རོགས་སྐྱོར་དང་དཀའ་གནད་སེལ་བའི་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱས་ནས། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་པའི་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ཀྱི་རྒྱུན་གཏན་ལུགས་མཐུན་གྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པས། རིམ་རྩིས་བྱས་ན་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་མ་རྩ་དང་སྐྱེད་ཀ་སྒོར་དུང་ཕྱུར་54ནར་འགྱངས་བྱས་པ་དེ་ཁེ་ལས་1200ལྷག་ཙམ་དང་འབྲེལ་བ་ཡོད་པ་རེད།

    དེ་དང་ཆབས་ཅིག རང་ལྗོངས་ཀྱི་དངུལ་ཁང་ལས་རིགས་དང་འགན་བཅོལ་ལས་རིགས་ཀྱིས་ཞིང་འབྲོག་ཁུལ་དུ་ཞབས་ཞུའི་དྲ་རྒྱ་རྒྱུན་ཆད་མེད་པར་སྣུར་སྲིང་བྱས་ཤིང་། ལོ་བཅུའི་རིང་ས་བབ་སྨི་4000ཡན་གྱི་ས་ཆར་དྲ་ཚིགས་307བཙུགས་པ་དང་རྫོང་དང་ཤང་རིམ་པ་གཉིས་ལ“ཞིང་གསུམ”དྲ་ཚིགས་དང་དཔུང་ཁག་ཁྱབ་ཚད་100%ཟིན་ཡོད་པ་རེད།

    ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། རང་ལྗོངས་ཀྱི་དངུལ་ཁང་ལས་རིགས་ཀྱིས་ཡིད་རྟོན་དངུལ་བུན་གྱི་ཐོན་རྫས་གསར་གཏོད་བྱས་ནས“ནགས་བཟོའི་དངུལ་བུན”དང་། “གྲོང་གསེབ་ཀྱི་གླིང་ཁའི་དངུལ་བུན”“བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་དངུལ་བུན”“ནགས་དབང་གཏའ་འཇོག་དངུལ་བུན”སོགས་ལྗང་མདོག་ཡིད་རྟོན་དངུལ་བུན་གྱི་རྣམ་གྲངས་སྔ་རྗེས་སུ་བཏོན་ཏེ། ལྗང་མདོག་ཐོན་ལས་ཀྱི་མ་རྩ་བསྡུ་སྒྲིལ་གྱི་དགོས་མཁོར་གནད་སྨིན་ཞབས་འདེགས་ཞུས་ཡོད། རྒྱལ་ཡོངས་ཀྱི་སྐམ་སའི་རི་སྐྱེས་སྲོག་ཆགས་ཀྱིས་གཏོར་སྐྱོན་བཏང་བའི་འགན་བཅོལ་ཐོག་མ་གསར་སྤེལ་བྱས་པར། རིམ་རྩིས་བྱས་ན་སྒོར་དུང་ཕྱུར་ཁྲི་3.98ཀྱི་ཉེན་ཁ་འགན་ལེན་བྱས་པ་དང་གུན་གསབ་དངུལ་སྒོར་དུང་ཕྱུར་5.65སྤྲད་པས་དུད་ཚང་ཁྲི་56.83ལྷག་ཙམ་ལ་ཕན་པ་ཐོབ་ཡོད། ཁོར་ཡུག་སྦགས་བཙོག་གི་འགན་འཁྲིའི་འགན་བཅོལ་དང་ཕྱུགས་རྩྭའི་ཐོན་ཚད་སོཌ་ལྗང་མདོག་འགན་བཅོལ་ཁྱབ་གདལ་ཤུགས་ཆེན་བཏང་ནས་ལྗང་མདོག་དངུལ་རྩའི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཡོད། དེའི་ནང“ཕྱུགས་རྩྭའི་ཐོན་ཚད་འགན་བཅོལ”དེ་རྒྱལ་ཁབ་ཀྱི་ཞིང་ལས་དང་གྲོང་གསེབ་པུའི་དངུལ་རྩའི་གསར་གཏོད་ཀྱི་ཚོད་ལྟའི་རྣམ་གྲངས་ནང་བཅུག་ཡོད། 2022ལོའི་ཟླ་དྲུག་པའི་ཟླ་མཇུག་བར། ལྗང་མདོག་ཡིད་རྟོན་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་985.47ཟིན་པ་དེས་དངུལ་བུན་ཁག་གི་18.37%བཟུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།