དབུ་ཤོག>ཆེད་སྒྲིག
  • བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ལས་ཐོན་བསྐྱར་ཚུགས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-08

    5c51b395-6557-48d5-809f-f0d074addba8.jpg.jpg

    འདི་ནི་འཕྱོངས་རྒྱས་རྫོང་གི་2022ལོའི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱ་ཡུལ་དུ་ས་འབུད་འཕྲུལ་འཁོར་གྱིས་ཞིང་ཁ་སྙོམས་བཞིན་པ།

    ཉེ་དུས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གིས“ནད་ཡམས་བཀག་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ལྡན་པ”བཅས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ་དང་། རྫོང་ཡོངས་སུ་ཆ་རྐྱེན་ཚང་བའི་འཛུགས་སྐྲུན་རྣམ་གྲངས་ཚང་མ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ལས་ཐོན་བསྐྱར་ཚུགས་བྱས་ཡོད། ཁེ་ལས་འབྲིང་ཆུང་དང་ཁེར་རྐྱང་ཚོང་དུད་ཀྱིས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་སྤྱི་འདོམས་བཀོད་སྒྲིག་ལ་གཞིགས་ཏེ། རིམས་འགོག་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་གཅིག་རྗེས་གཉིས་མཐུད་ངང་ཚོང་གཉེར་བྱེད་འགོ་ཚུགས་པས་རྫོང་ཡོངས་སུ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས།

    གསར་འགོད་པ་འཕྱོངས་རྒྱས་རྫོང་གི་2022ལོའི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་རྣམ་གྲངས་ཞོལ་སྡེ་ཁུལ་གྱི་རྣམ་གྲངས་ས་ཚིགས་ལས་ཡུལ་དུ་སྐྱོད་སྐབས། “ནད་ཡམས་ནི་བཀའ་རྒྱ་དང་འགོག་ཟོན་ནི་འགན་འཁྲི”ཡིན་པའི་དྲིལ་བསྒྲགས་སྦྱར་ཡིག་མིག་ལམ་དུ་གསལ་པོར་མངོན། ཨར་སྐྲུན་མི་སྣས་མིང་ངོ་མ་འགོད་པ་དང་ཚ་བ་བལྟས་རྗེས་བདེ་འཇགས་ཞྭ་མོ་གྱོན་ནས་གོ་རིམ་ལྡན་པའི་ངང་ལས་ཡུལ་དུ་ལས་ཀ་བྱེད་པར་བསྐྱོད།

    འཕྱོངས་རྒྱས་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར། འཕྱོངས་རྒྱས་རྫོང་གི་2022ལོའི་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་རྣམ་གྲངས་དེ་ཟླ་10ཚེས་6ཉིན་ནས་བཟུང་ལས་འགོ་བསྐྱར་ཚུགས་བྱས་ཚུན། མ་འཇོག་ལས་འབོར་གྱི་40%ལེགས་སྒྲུབ་ཟིན་ནས་ལོ་འཁོར་ནང་80%ལེགས་སྒྲུབ་ཐུབ་པའི་བརྩོན་ལེན་བྱས་ཏེ་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་900ལྷག་ཙམ་ཡོང་རྒྱུར་སྐུལ་ཁྲིད་བྱ་རྩིས་ཡོད་པ་རེད།

    མིག་སྔའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་དང་ཟུང་འབྲེལ་བྱས་ཏེ་འཕྱོངས་རྒྱས་རྫོང་གིས“རྣམ་གྲངས་འཛུགས་སྐྲུན་ལ་ལྷོད་གཡེང་མི་གཏོང་བ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་ལྷོད་གཡེང་མི་གཏོང་བའི་འགན་ལེན”བྱེད་པའི་བླང་བྱའི་འོག་ལས་ཐོན་བསྐྱར་ཚུགས་ཀྱི་ཆ་རྐྱེན་འཛོམས་རིགས་ཞིབ་དཔྱད་བྱས་ནས་རྩིས་ལེན་བྱེད་པ་དང་། ས་གནས་ས་ཐོག་ཏུ་བཀོད་གཏོང་བྱེད་པ། རྫོང་ཡོངས་ཀྱི་ཕྱིར་གླ་པར་སྐྱོད་མཁན་གྱི་མི་སྣ་དང་ཕ་ཡུལ་དུ་ལོག་མཁན་གྱི་ཆ་འཕྲིན་གནད་སྨིན་བསྡོམས་རྩིས་བྱེད་པ། བརྒྱུད་རིམ་ཧྲིལ་པོར་འགྲོ་སྐྱོད་ལག་ཁྱེར་གཉེར་བ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་ལས་ཡུལ་ཁག་དང་། སྒོ་རྩིས་ཚོང་ཁང་། ཁེ་ལས་བཅས་ཀྱི་ལས་མི་བེད་སྤྱོད་ཀྱི་དགོས་མཁོ་འགན་ལེན་བྱས་ནས་ལས་ཐོན་བསྐྱར་ཚུགས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།