དབུ་ཤོག>ཆེད་སྒྲིག
  • གནས་ལུགས་སྒྲོག་འགྲེལ་ཟུང་འབྲེལ་བྱས། ཕ་ཡུལ་ཡུལ་མིའི་སེམས་ལ་ཟུག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-08

    “དུས་རབས་གསར་པའི་གཞི་རིམ་གྱི་ཏང་ཡོན་ཞིག་གི་ངོས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་རྒྱུ་བྱུང་བར་གཟི་བརྗིད་དང་སྤོབས་སེམས་ཚད་མེད་སྐྱེ་ཡི་འདུག འདི་ནི་ངས་ཚེ་གང་བརྗེད་པར་དཀའ་བ་དང་རྡོ་ལ་རི་མོ་བརྐོས་པ་ལྟར་སེམས་ལ་འཇགས་ཐུབ་པའི་མྱོང་བ་ཞིག་ཡིན”

    ཟླ་11ཚེས་2ཉིན། མངའ་རིས་ས་ཁུལ་སྒར་རྫོང་བཀྲིས་སྒང་ཤང་བདེ་མཆོག་གྲོང་ཚོའི་འཐུས་མི་ཉི་སྐྱིད་ཀྱིས་ཉིན་དེ་དག་རིང་ནན་ཏན་ངང་བྲིས་པའི་སྒྲོག་འགྲེལ་རྩ་གནད་ལེགས་སྒྲིག་བྱས་ནས། འཕྲལ་དུ་ཡུལ་མི་ཚོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་བརྒྱུད་བསྒྲགས་བྱེད་བདེ་པོ་ཡོང་བ་བྱས་ཡོད།

    བདེ་མཆོག་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་སྒོ་འགྲམ་དུ་སྔ་ས་ནས་དེ་གར་སྒུག་བསྡད་པའི་གྲོང་མི་ཚོས་གཟབ་མཆོར་ལེགས་པར་སྤྲས་ནས་ཉི་སྐྱིད་ལ་བསུ་བ་ཞུ་བཞིན་མཆིས།

    དེ་རྗེས། ཉི་སྐྱིད་དང་ཡུལ་མི་ཚོ་མཉམ་དུ་གྲོང་ཚོ་ཨུ་ལྷན་གྱི་ཚོགས་ཁང་དུ་བསྡད་དེ་ཕན་ཚུན་སྤེལ་རེས་བྱས་པ་རེད། ཁོང་གིས་རང་ཉིད་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་མྱོང་ཚོར་དང་ལོ་བཅུའི་ནང་ཕ་ཡུལ་ལ་བྱུང་བའི་འཕེལ་རྒྱས་དང་འགྱུར་ལྡོག་དང་ཟུང་འབྲེལ་གྱིས། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཚང་མར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་མཐོང་ཐོས་མྱོང་གསུམ་ལྷུག་པོར་གླེང་བས། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་གྲགས།

    “མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་གླུ་གྲགས་པ་ཐོས་སྐབས། ངའི་སེམས་ཧ་ཅང་དགའ་པོ་བྱུང་ལ་སེམས་འགུལ་ཡང་ཐེབས་བྱུང་བྱུང” “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ཉན་རྗེས། མེས་རྒྱལ་ལ་ལོ་བཅུའི་རིང་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལས་ངར་སྤོབས་སེམས་ཚད་མེད་སྐྱེས་བྱུང་ལ། རླབས་ཆེན་གྱི་གྲུབ་འབྲས་དེ་ལས་སླ་པོར་ཐོབ་པ་ཞིག་མིན་པ་དེ་བས་ཚོར་བྱུང་། དེ་དག་ཚང་མ་ནི་རང་རེའི་རླབས་ཆེན་ཏང་གིས་མི་རིགས་ཁག་གི་མི་དམངས་ཀྱི་སྣེ་ཁྲིད་དེ་འབད་འཐབ་བྱས་པ་ལས་བྱུང་བ་ཞིག་རེད”ཅེས་བརྗོད།

    ཉི་སྐྱིད་ཀྱིས་ལོ་དེ་དག་ནང་བདེ་མཆོག་གྲོང་ཚོར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བ་དང་། གྲོང་མིའི་སྡོད་ཁང་གི་ཆ་རྐྱེན་ཡང་ལེགས་བཅོས་ཆེན་པོ་བྱུང་ཡོད། དེ་སྔོན་གྱི་རྡོ་ཁང་དང་ས་ཕག་ཁང་པ་ནས། བདེ་སྡོད་ཁང་པ་དང་ཨར་འདམ་ལྕགས་རྩིབ་ལས་གྲུབ་པའི་ཁང་པའི་བར་དང་། སླར་ཡང་ད་ཆའི་འབྱོར་འབྲིང་གི་སྡོད་ཁང་གསར་པའི་བར་ཁང་པ་ཇི་ཙམ་བརྒྱབ་པ་དེ་ཙམ་གྱིས་རྒྱ་ཆེ་རུ་དང་སྐྱིད་སྣང་དོད་དུ་ཕྱིན་ཡོད། གྲོང་ཚོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་དང་། གྲོང་མིའི་ཡོང་འབབ་ལོ་རེ་བཞིན་མང་དུ་ཕྱིན་པ། ཚང་མའི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་དང་ཇི་ཙམ་གྱིས་འཁྲུག་ཆ་དོད་དུ་ཕྱིན་ཡོད། དེ་དག་ཚང་མ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་བྱུང་བ་དང་ཏང་དང་སྲིད་གཞུང་གིས་མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ལ་ཐུགས་ཁུར་དང་གཅེས་སྐྱོང་གནང་བ་ལས་བྱུང་བ་ཞིག་རེད་ཅེས་བརྗོད་པ་རེད།

    “ཉི་སྐྱིད་ནི་ང་ཚོའི་གྲོང་ཚོའི་སྤོབས་པ་ཡིན། སྒྲོག་འགྲེལ་ཉན་རྗེས་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྔར་བས་སློབ་སྦྱོང་བྱས་པ་མ་ཟད། ཏང་གི་ཚོགས་ཆེན་ཉི་ཤུ་པར་དངོས་སུ་ཞུགས་པ་ལྟར་བྱུང་། སླད་ཕྱིན། ང་ཚོས་སློབ་སྦྱོང་གི་གྲུབ་འབྲས་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་སུ་བསྒྱུར་ནས་ཐོན་སྐྱེད་འཕེལ་རྒྱས་གཏོང་བ་དང་དེང་གི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་གྱི་ཡིན”ཞེས་སྒྲོག་འགྲེལ་མཇུག་འགྲིལ་རྗེས་གྲོང་མི་ཚོས་རང་ཉིད་ཀྱི་མྱོང་ཚོར་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    ཉི་སྐྱིད་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཡིན་པའི་ངོས་ནས། འགན་འཁྲི་ལྕི་པོ་དང་ལས་འགན་གཟི་བརྗིད་ལྡན་པ་ཞིག་རེད་ཅེས་བརྗོད། སླད་ཕྱིན་གྱི་ལས་དོན་ཁྲོད་ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་སྟོབས་ཀྱི“སྒྲོག་འགྲེལ་པ”དང་། ཏང་ཡོན་མང་ཚོགས་ཀྱི་བསམ་དོན“བརྒྱུད་སྤྲོད་པ” དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུའི“འགག་སྒྲོལ་བ”བཅས་ཡག་པོ་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕ་ཡུལ་དུ་དོན་ཐོག་ཏུ་འཁྱོལ་ཐུབ་པར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།