དབུ་ཤོག>ཆེད་སྒྲིག
  • རྒུན་འབྲུམ་ཆུང་ཆུང་ལས་གྲོང་གསེབ་དར་རྒྱས་ཀྱི་ཕུགས་འདུན་ཆེན་པོ་གྲུབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-08

    ཟླ་10པའི་ཟླ་མཇུག་ཏུ། ལྷོ་ཁ་གྲོང་ཁྱེར་གྱི་ཡར་ཀླུང་གཙང་པོའི་ངོགས་སུ་སྟོན་མཇུག་གི་ཁ་བ་ཐེངས་དང་པོ་བབས་ནས་ཕྱི་རོལ་དུ་གྲང་ངར་་ཆེ་ནའང་། ཟངས་རི་རྫོང་ཟངས་རི་གྲོང་རྡལ་མཐར་མ་གྲོང་ཚོའི་ཕག་གྲུ་གཞིས་ཀའི་ཆང་སྙོལ་བཟོ་གྲྭར་བྲེལ་བརྩོན་ཆེ་བའི་རྣམ་པ་ཞིག་མངོན་བཞིན་མཆིས།

    བཟོ་པ་ཚོས་ཡང་ནས་བསྐྱར་དུ་བཙིར་བའི་རྒུན་འབྲུམ་གྱི་ཁུ་བ་དང་པགས་པ་སོ་སོར་དབྱེ་བ་འབྱེད་བཞིན་ཡོད་པ་དང་། དམར་སྨུག་མདོག་གི་རྒུན་འབྲུམ་གྱི་ཁུ་བ་སྦུ་གུ་བརྒྱུད་རྫ་མའི་ནང་དུ་བླུགས་པས་འཁོར་ཁང་དུ་ཤིང་ཏོག་གི་དྲི་ཞིམ་ལྷང་ལྷང་འཐུལ།

    “ང་ཚོའི་ཐོན་སྐྱེད་རྟེན་གཞིའི་རྒུན་འབྲུམ་ལ་འདི་ལོ་སླར་ཡང་ལོ་ལེགས་བྱུང་། མིག་སྔར་རྒུན་འབྲུམ་སོས་པ་སྤྱིར་ན་བཏུས་ཟིན་ནས་དུས་ཚོད་དམ་འཛིན་གྱིས་རྒུན་ཆང་སྙོལ་བཞིན་ཡོད”ཅེས་ཟངས་རི་རྫོང་ཕག་གྲུ་རུང་ཧྲུན(ས་གཙང)གཞིས་ཀ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ལུའོ་མིང་ལུའུ་ཡིས་གསར་འགོད་པར་བཤད།

    ཉེ་བའི་ལོ་ཤས་རིང་། ཧུའུ་ནན་གྱི་བོད་སྐྱོར་མ་དངུལ་དང་ལག་རྩལ་སོགས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས། ཟངས་རི་རྫོང་གིས་རྒུན་འབྲུམ་ཐོན་ལས་དེ་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐོན་ལས་རྩེ་གྲས་སུ་བརྩིས་ནས་ཡར་ཀླུང་གཙང་པོའི་ངོགས་ཀྱི་མཐར་མ་གྲོང་ཚོ་དང་། ལོག་གྲོང་ཚོ།  གནས་སྤོ་བྱ་ཡུལ་དྲོ་སྐྱིད་གྲོང་ཚོ་དང་ཧོབ་ཐང་སོགས་སུ་ཐོན་སྐྱེད་རྟེན་གཞི་བཙུཌ་ནས་སྤྱི་གནོད་མེད་པ་དང་ལྗང་མདོག་སྤུས་ལེགས་ཀྱི་སྐྱེ་ལྡན་རྒུན་འབྲུམ་འདེབས་འཛུགས་ཁྱབ་གདལ་ཤུགས་ཆེན་བཏང་བ་དང་འདེབས་ཁྱོན་2011ལོའི་མུའུ་15ནས་ད་ལྟའི་མུའུ་ཁྲི་1བར་ཆེ་རུ་སོང་ཡོད། 2021ལོར་རྟེན་གཞིར་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་ནས་སྤྲད་པའི《སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ཀྱི་ལག་ཁྱེར》རག་པ་དང་དེའི་སྤུས་ལེགས་ཐོན་རྫས“ས་བབ་ཧ་ཅང་མཐོ་བའི་A”ལ་རྒྱལ་ཁབ་ཀྱི་སོན་མཛོད་དུ་བསྡུ་རྒྱུའི་རེ་འདུན་ཞུ་རྒྱུ་ཡིན་པ་རེད།

    རྒུན་འབྲུམ་འདེབས་རྒྱུ་དེ་ཟངས་རི་རྫོང་གི་རྒུན་འབྲུམ་ཐོན་ལས་ཁྲོད་ཀྱི་རྨང་གཞིའི་ལྷུ་ཚིགས་ཤིག་ཡིན་ཞིང་། ཐོན་ལས་འཁོར་འབྲེལ་གཏོད་པ་དང་ཐོན་ལས་ཀྱི་སྤུས་ཕན་ཆེ་རུ་གཏོང་ཆེད། ས་གནས་དེ་གས་ཟུར་སྣོན་རིན་ཐང་སྔར་བས་མཐོ་བ་དང་ཐོན་རྫས་ཀྱི་ནུས་པ་སྔར་བས་ཆེ་བའི་རྒུན་ཆང་བསྙལ་རྒྱུ་དམིགས་ཚད་དུ་བཟུང་ཡོད་པ་རེད།

    སྤྱིར་ན། རྒུན་ཆང་གི་སྤུས་ཚད་འགན་ལེན་བྱེད་ཆེད། མུའུ་རེའི་རྒུན་འབྲུམ་ཐོན་ཚད་ངེས་པར་དུ་སྤྱི་རྒྱ་700མན་དུ་ཚོད་འཛིན་བྱེད་དགོས་ཀྱི་ཡོད། ཟངས་རི་རྒུན་འབྲུམ་རྟེན་གཞིས་མུའུ་རེའི་རྒུན་འབྲུམ་ཐོན་ཚད་སྤྱི་རྒྱ་400ནས་500བར་ཚོད་འཛིན་བྱེད་ཀྱི་ཡོད་ཅིང་། ཚད་གཞི་ནན་པོ་འདི་རིགས་ལས་ཟངས་རི་ནས་ཐོན་པའི་རྒུན་ཆང་གི་སྤུས་ཚད་ཧ་ཅང་ལེགས་པོ་ཡོད་པ་རེད།

    ད་ཆ། རྒུན་འབྲུམ་ཆུང་ཆུང་དེ་ཟངས་རི་རྫོང་གི་མིང་བྱང་ལྟ་བུར་གྱུར་པ་མ་ཟད། ས་གནས་དེ་གའི་ཞིང་དར་ཞིང་ཕྱུག་གི་ཀ་རྟེན་ཐོན་ལས་གལ་ཆེན་གྱི་གྲས་ཤིག་ཏུའང་གྱུར་ཡོད། ཟངས་རི་རྫོང་གིས“ཀུང་སི་དང་། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི”བྱེད་སྟངས་སྤྱད་དེ་འདེབས་གསོ་ཚད་ལྡན་ཅན་དང་སྣ་ཁ་ས་ཁོངས་ཅན་ནས་དོ་དམ་ཚད་ལྡན་ཅན་བར། ཕག་གྲུ་ཀུང་སིས་བརྒྱུད་རིམ་ཧྲིལ་པོར་ཞུགས་ཏེ་ཁྲོམ་ར་རྒྱ་ཆེར་གཏོང་བ་དང་འབབ་འཕར་ལ་སྐུལ་ཁྲིད་བྱེད་པ་དང་དུས་མཚུངས་རྒུན་འབྲུམ་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

    མཐར་མ་གྲོང་ཚོའི་གྲོང་མི་དབྱངས་ཅན་མཚོ་མོ་ནི་རྟེན་གཞིའི་ལས་མི་རྙིང་པ་ཞིག་ཡིན་ཞིང་། ཆུ་རྒྱག་པ་དང་། ཡལ་གཅོད་རྒྱག་པ་ནས་འབྲས་བུ་འཐུ་བ་དང་རྒུན་ཆང་ཚོང་བའི་བར་ཁོ་མོས་རྒུན་འབྲུམ་རྟེན་གཞིའི་འཕེལ་རྒྱས་མིག་མཐོང་ལག་ཟིན་བྱུང་བ་མ་ཟད། ཧུའུ་ནན་གྱི་བོད་སྐྱོར་ཞིང་ལས་ལག་རྩལ་ལས་བྱེད་པའི་རོགས་རམ་འོག་རྒུན་འབྲུམ་འདེབས་རྒྱུར་རྒྱུས་མངའ་མེད་པ་ཞིག་ནས་སྐད་གྲགས་ཆེ་བའི་རྒུན་འབྲུམ་འདེབས་འཛུགས་ཀྱི་འཇོན་ཐང་ཅན་ཞིག་ཏུའང་གྱུར་ཡོད།

    “ང་དང་གཅུང་མོ་རྟེན་གཞིར་ལས་ཀ་བྱས་ནས་ལོ་5ཕྱིན་སོང་། འདི་གར་ལས་ཀ་བྱས་ན་ཁྱིམ་དང་ཐག་ཉེ་བ་དང་ཟླ་རེར་གཏན་འཇགས་གླ་ཆ་ཡོད་ཅིང་། ཟླ་རེར་ཡོང་འབབ་སྒོར་6000འདུག་པས་ཧ་ཅང་དགའ་པོ་འདུག”ཅེས་དབྱངས་ཅན་མཚོ་མོས་བཤད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྒྱུ་རྐྱེན་གཙོ་བོ་འཁོར་རྒྱུག་ཤར་བགྲོད་བཅས་བྱེད་དགོས་ཞེས་བསྟན་ཡོད། ཟངས་རི་རྫོང་གི་མུའུ་ཁྲི་ཟིན་པའི་རྒུན་འབྲུམ་རྟེན་གཞིའི་འཕེལ་རྒྱས་བརྒྱུད་རིམ་ནི་ས་མཐོའི་མི་དམངས་ཀྱིས་དཀའ་སྤྱད་ངལ་རྩོལ་དང་བློ་གྲོས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་ས་གནས་དེ་གའི་རྒུན་འབྲུམ་ཐོན་ལས་འཕེལ་རྒྱས་བརྟན་པོ་བཏང་ན་འབྱུང་འགྱུར་རེ་བས་ཁེངས་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།