དབུ་ཤོག>ཆེད་སྒྲིག
  • བོད་རང་སྐྱོང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་གཅིག་སྡུད་སྒྲོག་འགྲེལ་ལས་དོན་གྱི་སྐུལ་སློང་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-06

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལྟར། ཚེས་4ཉིན་རང་སྐྱོང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བོད་རང་སྐྱོང་ལྗོངས་ཀྱི་གཅིག་སྡུད་སྒྲོག་འགྲེལ་ལས་དོན་གྱི་སྐུལ་སློང་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲོང་ཡན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད། 

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཀྲོང་ཡན་གྱིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱི་སྙིང་བཅུད་ལ་གོ་བ་གཏིང་ཟབ་བླངས་ནས་ཁ་ཕྱོགས་ཡང་དག་དང་ཕྱོགས་སྟོན་ཡག་པོ་བཟུང་སྟེ་ཚོགས་ཆེན་ཉི་ཤུ་པའི་བརྗོད་དོན་གཙོ་བོའི་གཏིང་ཟབ་པའི་ནང་དོན་སྒྲོག་སྦྱང་ནན་ཏན་དང་། འདས་པའི་ལོ་ལྔའི་རིང་གི་ལས་ཀ་དང་དུས་རབས་གསར་པའི་ལོ་བཅུ་ཡི་འཕོ་འགྱུར་རླབས་པོ་ཆེ་སྒྲོག་སྦྱང་ནན་ཏན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་སྒྲོག་འགྲེལ་ནན་ཏན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན་སྒྲོག་འགྲེལ་ནན་ཏན། ཏང་དང་རྒྱལ་ཁབ་བྱ་གཞག་གི་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་སྒྲོག་འགྲེལ་ནན་ཏན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བའི་བཀོད་སྒྲིག་དང་བླང་བྱ་སྒྲོག་འགྲེལ་ནན་ཏན། ཞུམ་མེད་འཐབ་རྩོད་ལ་བརྟེན་ནས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་བླང་བྱ་སྒྲོག་འགྲེལ་ནན་ཏན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་བསྟར་བ་སྒྲོག་འགྲེལ་ནན་ཏན་བཅས་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པའི་སློབ་གསོ་ཁྲིད་སྟོན་བྱས་ནས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་དང་། “འདུ་ཤེས་བཞི་”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་པའི་བསམ་པའི་ཉམས་འགྱུར་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”དམ་འཛིན་ནན་པོ་བྱས་ཏེ་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་དགོས།

    ཀྲོང་ཡན་གྱིས་བླང་བྱ་བཏོན་དོན། སྒྲིག་འཛུགས་དང་ལག་བསྟར་ཞིབ་ཚགས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གངས་ལྗོངས་ས་མཐོར་ཁྱབ་པར་བྱས་ནས་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་མི་ཚང་མས་ཤེས་པར་བྱེད་དགོས། སློབ་སྦྱོང་དང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཇི་མ་ཇི་བཞིན་ཁོང་དུ་ཆུད་པར་བྱས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་དོན་འཁྱོལ་གྱི་བྱ་ཐབས་དམ་འཛིན་ནན་པོ་དང་དམ་འཛིན་ཡག་པོ་བྱེད་དགོས། སྒྲོག་འགྲེལ་གནད་བསྡུས་གྲ་སྒྲིག་ནན་ཏན་བྱས་ནས་བོད་ཀྱི་འཕེལ་རྒྱས་ཀྱི་དོན་དངོས་དང་འབྲེལ་བ་དམ་ཟབ་བྱེད་པ་དང་མང་ཚོགས་ཉེ་འགྲམ་གྱི་འགྱུར་ལྡོག་དང་ཟུང་འབྲེལ་བྱས་ཏེ་ཁ་གསལ་ལ་གོ་བདེ་ཤེས་སླ་ཡོང་བར་བྱེད་དགོས། སྤྱི་འདོམས་སྐུལ་འདེད་གཏོང་བར་སྣང་ཆེན་བྱས་ནས་རིམ་ཁག་སྡེ་ཚན་ཁག་གིས་གཞོགས་འདེགས་དམ་ཟབ་དང་ནུས་ཤུཌ་ཡོད་རྒུས་མཉམ་ལས་བྱས་ཏེ། དམིཌ་བྱ་ཅན་དང་མང་ཚོགས་ཁག་བགོས་ཅན་གྱི་སྒྲོག་འགྲེལ་རྒྱ་ཁྱབ་བྱེད་དགོས། དྲིལ་བསྒྲཌ་གཏོང་སྤེལ་ཡག་པོ་བྱས་ནས་སྤྱི་ཚོགས་ཡོངས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲཌ། ལག་བསྟར་བཅས་བྱེད་པའི་གླེང་ཕྱོགས་ཀྱི་རྣམ་པ་ཟབ་མོ་ཞིག་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།