དབུ་ཤོག>ཆེད་སྒྲིག
  • མི་རིགས་ཡི་གེའི་པར་མའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཡིག་ཆ་དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-11-03

    བློ་མཐུན་ཞི་ཅིན་ཕིང་གིས་2022ལོའི་ཟླ་10ཚེས་16ཉིན་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་གནང་བའི་སྙན་སྒྲོན། 《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས》དང་། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》གི་སོག་ཡིག་དང་། བོད་ཡིག ཡུ་གུར་ཡི་གེ ཧ་སག་ཡི་གེ ཁྲའོ་ཞན་ཡི་གེ དབྱིས་རིགས་ཀྱི་ཡི་གེ ཀྲོང་རིགས་ཀྱི་ཡི་གེ་བཅས་མི་རིགས་བདུན་གྱི་ཡི་གེའི་པར་མའི་དེབ་རྐྱང་པ་ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་ཡིག་སྒྱུར་བྱས་པ་དང་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད།

    《ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཡིག་ཆ་ཕྱོགས་བསྒྲིགས》དང《ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ཟུར་ཁྲིད་ཀློག་དེབ》 《ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་སློབ་སྦྱོང་ཟུར་ཁྲིད་སྐོར་གྱི་དྲི་བ་བརྒྱ》ཞེས་པའི་མི་རིགས་ཡི་གེའི་པར་མ་ཡང་ཉེ་ཆར་དཔེ་སྐྲུན་འགྲེམས་སྤེལ་བྱ་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།