དབུ་ཤོག>ཆེད་སྒྲིག
  • ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས་ནང་སེམས་སུ་ཟུག་པ་དང་ཕྱི་ལག་ལེན་དུ་འཁྱོལ་བར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-27

    ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཤིང་། སློབ་སྦྱོང་བྱེད་སྟངས་གསར་གཏོད་དང་ཕུན་སུམ་ཚོགས་སུ་བཏང་སྟེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་པོ་དང་ཏན་ཏན་ཏིག་ཏིག་ཡོང་བར་སྐུལ་འདེད་གཏོང་བཞིན་ཡོད།

    “དེ་རིང་ནི་སྤུ་ཧྲེང་རྫོང་ཞི་བ་གྲོང་ཚོའི‘ལྕི་བ་སྒྲུག་པའི་དུས’རེད། ཡུལ་མི་ཚོ་ཞིང་ནང་དུ་ལྕི་བ་སྒྲུག་པར་འགྲོ་སྲོལ་ཡོད། ང་ཚོ་ལྕི་བ་སྒྲུག་རོགས་བྱེད་པར་འགྲོ། སྐབས་དེར་ང་ཚོས་གོ་སྐབས་བཟང་པོ་དེ་དང་བསྟུན་ནས་ཡུལ་མི་ཚོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་འགྲེལ་བཤད་རྒྱག་ཆོག” ཟླ་10ཚེས་24ཉིན་གྱི་ཕྱི་དྲོར། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་མཐའ་མཚམས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པས་གྲ་སྒྲིག་ཨང་བསར་བྱས་པའི་སྒྲོག་འགྲེལ་ཡིག་རིགས་འཁྱེར་ཏེ་ཞི་བ་གྲོང་ཚོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པར་བསྐྱོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། མཐའ་མཚམས་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པར་བྱེད་ཆེད། ཚེས་16ཉིན་ནས་བཟུང་ས་ཚིགས་དེས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ“ཡན་ལག་རུ་ཆུང”བཙུགས་ཏེ། མང་ཚོགས་དང་མཉམ་དུ་ཚོགས་ཆེན་འགོ་ཚུགས་ཀྱི་གནས་ཚུལ་གཟབ་རྒྱས་ལ་བལྟས་པ་མ་ཟད། ད་དུང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་སྒྲོག་འགྲེལ་བྱེད་འགོ་ཡང་བཙུགས།

    “ཉེ་བའི་ལོ་ཤས་རིང་། ང་ཚོ་མཐའ་མཚམས་མང་ཚོགས་ཀྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ལེགས་སུ་འགྲོ་ཡི་འདུག ད་ཆ་ང་ཚོ་ཚང་མ་སྲིད་གཞུང་གིས་བརྒྱབ་པའི་སྡོད་ཁང་ནང་སྡོད་རྒྱུ་བྱུང་བ་མ་ཟད། ད་དུང་ཟླ་རེར་ཁ་གསབ་དངུལ་ཡང་མང་པོ་ལེན་རྒྱུ་འདུག སླད་ཕྱིན་འཚོ་བ་སྔར་ལས་ཡག་ཏུ་འགྲོ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད། ང་ཚོས་དུས་ནམ་ཡང་ཏང་གི་རྗེས་སུ་འབྲང་རྒྱུ་ཡིན”ཞེས་སྒྲོག་འགྲེལ་ཉན་རྗེས་ཞི་བ་གྲོང་ཚོའི་ཚུན་ཀྲང་ཀུན་དགའ་བཀྲ་ཤིས་ཀྱིས་བློ་རྩ་བརྟན་པོས་བཤད།

    གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གྲོ་མོ་སྨད་ཤང་དུ་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པས་རྐང་འཁོར་བཞོན་ནས་ཁྲོམ་གཞུང་ཆེ་ཆུང་གང་སར་སྐྱོད་པ་མཐོང་བྱུང་། རྐང་འཁོར་ཐོག“གྲོ་མོ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་རྐང་འཁོར་རུ་ཁག”ཅེས་པའི་ཡིག་རིགས་སྦྱར་བ་དེ་མངོན་གསལ་ལྷག་པར་ཆེ།

    གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གྲོ་མོ་སྨད་མཐའ་མཚམས་མངགས་གཏོང་ཁང་གི་འགན་འཁུར་བས་གསར་འགོད་པར། ང་ཚོའི་མངགས་གཏོང་ཁང་གིས་རྐང་འཁོར་སྟབས་བདེ་ཞིང་མགྱོགས་པའི་ལེགས་ཆ་སྤྱད་པའི་ཁར། “ལྟ་སྲུང་བ”རྐང་འཁོར་རུ་ཁག་གི་ད་ཡོད་ཉེན་རྟོག་པ་བསྡུ་སྒྲིལ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་རྐང་འཁོར་རུ་ཁག་འདི་བཙུགས་པ་ཡིན། དེ་ནས་རྐང་འཁོར་བཞོན་ཏེ་ཞིང་ནང་མུ་ཁ་དང་ཁྲོམ་གཞུང་ཆེ་ཆུང་གང་སར་གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པར་བསྐྱོད་དེ། ཏང་གི་དམངས་ཕན་སྲིད་ཇུས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་སྤེལ་གཏོང་བཞིན་ཡོད་ཅེས་བཤད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་དང་ལག་བསྟར་བྱེད་ཆེད། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ངམ་རིང་རྫོང་ཁྲལ་དོན་ཅུས་ཀྱིས་ལས་བྱེད་ལས་བཟོ་ཡོངས་སྒྲིག་འཛུགས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྐོར་གྱི་ཤེས་བྱ་འགྲན་བསྡུར་གྱིས་འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་བཏང་བ་མ་ཟད། ད་དུང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་ནང་དོན་གཙོ་བོ་དང་ལེགས་བཤད་བསྐྱར་དྲན་ཡང་བྱས་པ་རེད།

    ངམ་རིང་རྫོང་ཁྲལ་དོན་ཅུས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་སུང་ཆུའེ་ཡིས“ང་ཚོས་འགྲན་བསྡུར་ལ་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་དང་། སློབ་སྦྱོང་ལ་བརྟེན་ནས་ཏང་འཛུགས་སྐྱོང་ལ་སྐུལ་འདེད། ཏང་འཛུཌ་སྐྱོང་ལ་བརྟེན་ནས་ལས་སྒོར་སྐུལ་འདེད་བཅས་གཏོང་གི་ཡོད། སླད་ཕྱིན་སྔར་ལས་ལྷག་པའི་སྒོ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་རྒྱུན་གཏན་གྱི་ཁྲལ་དོན་ལས་དོན་ནང་མཉམ་འདྲེས་བྱེད་རྒྱུ་དང་ཆབས་ཅིག སློབ་སྦྱོང་གི་གྲུབ་འབྲས་དེ་འགན་འཁྲི་གཙང་ཁུར་དང་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོ་དང་བྱ་སྤྱོད་དངོས་ལ་བསྒྱུར་བ་བྱས་ཏེ། ཁྲལ་བསྡུའི་འགན་ནུས་འདོན་སྤེལ་ཧུར་ཐག་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེཌ་ཞུ་རྒྱུ་ཡིན”ཞེས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།