2022ལོའི་ཟླ་10ཚེས་16ཉིན་བློ་མཐུན་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་ཐོག་གནང་བའི་སྙན་སྒྲོན《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ཏེ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་དགོས》ཞེས་པའི་དེབ་རྐྱང་པ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པ་དང་། ཚེས་25ཉིན་ནས་བཟུང་རྒྱལ་ཡོངས་ཀྱི་ཤིན་ཧྭ་དཔེ་ཚོང་ཁང་ནས་འགྲེམས་སྤེལ་བྱ་རྒྱུ་རེད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་25ཉིན་གློག་འཕྲིན་འབྱོར་གསལ། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པར་རོགས་རམ་བྱ་ཆེད། ཀྲུང་དབྱང་གི་འབྲེལ་ཡོད་ཕྱོགས་ཀྱིས《ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་ཟུར་ཁྲིད་ཀློག་དེབ》དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་སློབ་སྦྱོང་ཟུར་ཁྲིད་སྐོར་གྱི་དྲི་བ་བརྒྱ》 《ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་སློབ་སྦྱོང་སྐོར་གྱི་དྲི་ལན》བཅས་ཀྱི་ཟུར་ཁྲིད་ཀློག་དེབ་རྩོམ་སྒྲིག་སྒྲིག་འཛུགས་བྱས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》ལ་ཕྱོགས་ཡོངས་ནས་འཆད་འགྲེལ་བྱས་པ་དེ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ཤེས་རྟོགས་བྱེད་པའི་དབང་གྲགས་ལྡན་པའི་ཟུར་ཁྲིད་དཔྱད་ཡིག་ཅིག་རེད།
ཉེ་ཆར། 《ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་ཟུར་ཁྲིད་ཀློག་དེབ》མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་དང་། 《ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་སློབ་སྦྱོང་ཟུར་ཁྲིད་སྐོར་གྱི་དྲི་བ་བརྒྱ》 ཏང་འཛུགས་སྐྱོང་ཀློག་དེབ་དཔེ་སྐྲུན་ཁང་དང་སློབ་སྦྱོང་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ། 《ཚོགས་ཆེན་ཉི་ཤུ་པའི་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་སློབ་སྦྱོང་སྐོར་གྱི་དྲི་ལན》ཏང་འཛུགས་སྐྱོང་ཀློག་དེབ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་པ་རེད།