དབུ་ཤོག>ཆེད་སྒྲིག
  • ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་འཐུས་མི་དང་། ཆེད་མངགས་གདན་ཞུས་འཐུས་མི། ཟུར་ཞུགས་མི་སྣ་བཅས་ལ་བྱམས་བརྩེའི་མཇལ་འཕྲད་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-10-25

    ཚེས་23ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་འཐུས་མི་དང་། ཆེད་མངགས་གདན་ཞུས་འཐུས་མི། ཟུར་ཞུགས་མི་སྣ་བཅས་ལ་བྱམས་བརྩེའི་མཇལ་འཕྲད་གནང་བ་དང་འབྲེལ། ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྒྲོན་པ་རེད།

    ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ལི་ཆང་། ཀྲའོ་ལེ་ཅི། ཧན་ཀྲེང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི། ཝང་ཆི་ཧྲན། མ་ཤིང་རུའེ། ཝང་ཁྲེན། ཝང་དབྱི། དབྱིན་ལི། ཧྲེ་ཐའེ་ཧྥུང་། ལིའུ་ཧོ། ལིའུ་གོ་ཀྲུང་། ཞུས་ཆི་ལེང་། སུན་ཁྲུན་ལན། ལི་ཀན་ཅེ། ལི་ཧྲུའུ་ལེ། ལི་ཧུང་ཀྲུང་། དབྱང་ཞའོ་ཏུའུ། ཧོ་ཝུའེ་ཏུང་། ཧོ་ལི་ཧྥུང་། ཀྲང་ཡིའུ་ཞ། ཀྲང་གོ་ཆིང་། ཁྲེན་ཝུན་ཆིང་། ཁྲེན་ཅི་ཉིང་། ཁྲེན་མེན་ཨེར། ཧུའུ་ཁྲུན་ཧྭ། ཡོན་ཅ་ཅུན། ཧོང་ཁུན་མིང་། དབུན་ཅ་པའོ། ཅ་ཆིང་ལིན། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། སུང་ཕིང་། ལི་ལན་ཆིང་། ཙེང་ཆིང་ཧུང་། ཝུའུ་ཀོན་ཀྲེང་། ལི་ཁྲང་ཁྲུན། ཧོ་གོ་ཆང་། ལིའུ་ཡུན་ཧྲན། ཀྲང་ཀའོ་ལི། ལིའུ་ཅིན་གོ ཝང་ཞའོ་ཧུང་། དབྱང་ཅེ་ཁྲེ། ཁྲེན་ཞི། ཁྲེན་ཆོན་གོ ཀུའོ་ཧྲེང་ཁུན། ཡིའུ་ཆོན་བཅས་ཐུག་འཕྲད་ལ་ཞུགས་པ་རེད།

    གློག་འོད་རྣམ་པར་བཀྲ་བའི་མི་དམངས་ཚོགས་ཁང་ཆེ་མོར་ཏང་གི་རྟགས་མ་མཐོ་པོར་བཀལ་བ་དང་གཟབ་ཅིང་རྒྱས་ལ་དགའ་སྤྲོའི་རྣམ་པས་ཁེངས་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་འཐུས་མི་དང་། ཆེད་མངགས་གདན་ཞུས་འཐུས་མི། ཟུར་ཞུགས་མི་སྣ་བཅས་2700ལྷག་ཙམ་གྱིས་དེ་གར་འཛོམས་ནས་དགའ་བ་དཔག་མེད་ཀྱིས་འགོ་ཁྲིད་བློ་མཐུན་ལ་ཕེབས་སྒུག་ཞུ་བཞིན་ཡོད།

    ཕྱི་དྲོའི་ཆུ་ཚོད་4པར་ཞི་ཅིན་ཕིང་སོགས་གསོལ་སྟོན་ཚོམས་ཆེན་དུ་ཕེབས་སྐབས་ཚོགས་ར་ཡོངས་ནས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་ཡུན་རིང་གྲགས། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་གུས་འདུད་ཞུས་པ་དང་སྦྲགས་མདུན་དུ་ཕེབས་གིན་མདུན་གྲལ་གྱི་བློ་མཐུན་ཚོ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་རེད། འཐུས་མི་ཚོས་ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་ལ་གུས་འདུད་ཞུས་པ་དང་སྦྲགས་སྤྲོ་སེམས་འཁོལ་པོས་འཚམས་ལན་ཡང་ཞུས་པ་རེད། ཚོམས་ཆེན་ནང་དུ་ཕན་ཚུན་བརྩེ་བའི་རྣམ་པས་ཁེངས་ལ་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྒྲའང་ཡང་ཡང་གྲགས།

    ཐུག་འཕྲད་ལ་ཞུགས་མཁན་གྲས་སུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འགོ་ཁྲིད་བློ་མཐུན་དང་འགོ་ཁྲིད་ལས་གནས་ནས་བབས་གནང་བའི་འགོ་ཁྲིད་བློ་མཐུན་ཡང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།