དབུ་ཤོག>ཆེད་སྒྲིག
  • རླབས་ཆེན་བྱ་གཞག་གསར་པ་གཏོད། འབད་འབུངས་ཡར་བརྩོན་དུས་ལ་འབབ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-24

    81968bcb-3d2b-4226-bba6-80a5277587cf.jpg.jpg

    འདི་ནི་ཟླ་10ཚེས་22ཉིན་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁའི་ངང་གྲོལ་བ།

    101cb646-bab1-4822-846a-5fc9da3b5d06.jpg.jpg

    འདི་ནི་ཟླ་10ཚེས་22ཉིན་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁའི་ངང་གྲོལ་ཞིང་། འདི་ནི་འཐུས་མི་ཚོས་ལག་པ་བརྐྱངས་ནས་བརྡས་ཐག་གཅོད་བཞིན་པ།

    164d30fc-469b-495b-8788-eb97a205ecd8.jpg.jpg

    འདི་ནི་ཟླ་10ཚེས་22ཉིན་ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁའི་ངང་གྲོལ་ཞིང་། འདི་ནི་འཐུས་མི་ཚོས་འདེམས་ཤོག་འཕངས་ནས་འདེམས་བསྐོ་བྱེད་བཞིན་པ།

    6e5aaf9b-956e-4b9c-8f9a-ad19e5fbf13d.jpg.jpg

    འདི་ནི་འཐུས་མི་ཆོས་མཚོ་ཡིས་ཚོགས་འདུ་གྲོལ་རྗེས་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་ཞུ་བཞིན་པ།

    65caa3bc-5a63-4611-9658-198f2e14cd8c.jpg.jpg

    འདི་ནི་ཚོགས་འདུ་གྲོལ་རྗེས་རང་ལྗོངས་ཀྱི་གཞི་རིམ་གྱི་འཐུས་མི་ཚོས་མི་དམངས་ཚོགས་ཁང་ཆེ་མོའི་མདུན་དུ་དྲན་རྟེན་པར་སྐྱོན་བཞིན་པ།

    ཟླ་10ཚེས་22ཉིན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་ཁའི་ངང་གྲོལ་བ་རེད།

    མི་དམངས་ཚོགས་ཁང་ཆེ་མོ་ནས་དོན་མཁན་བོད་ཀྱི་འཐུས་མི་ཚོགས་པའི་འཐུས་མི་རྣམས་བློ་སྟོབས་ཆེར་སྐྱེད་དང་དཔའ་སྟོབས་ཀྱིས་ཁེངས་ཤིང་། ཁོང་རྣམ་པས་ཚོགས་ཞུགས་ཀྱི་གྲུབ་འབྲས་སྐོར་གླེང་གནང་བ་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་མཐའ་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་གཏོད་པ་དང་ལེའུ་གསར་པ་མུ་མཐུད་རྩོམ་པའི་ཡིད་ཆེས་དང་ཆོད་སེམས་མཚོན་པ་གནང་བ་རེད།

    འཐུས་མི་ཚེ་རིང་ལྷ་མོས་བསྐྱོད་ཟིན་པའི་ལམ་བུར་གཟིགས་ནས་དུས་རབས་གསར་པའི་ལོ་བཅུའི་གྲུབ་འབྲས་ནི་མི་སེམས་ལ་སྐུལ་མ་ཐེབས་འོས་པ་ཞིག་དང་། མདུན་སྐྱོད་ཀྱི་ལམ་བུར་རྒྱང་ལྟ་གནང་སྟེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་འཆར་འགོད་ལས་མི་རྣམས་ལ་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་རྒྱུར་སྐུལ་མ་གཏོང་བཞིན་མཆིས་ཞེས་གསུངས་པ་རེད། འཐུས་མི་ཆོས་མཚོས“དེང་རབས་ཀྱི་ཀྲུང་གོའི་གཞོན་ནུ་ནི་དངོས་འབྲེལ་སྐལ་པ་བཟང་པོར་སྐྱེས་པ་ཞིག་རེད། འཇོན་ཐང་ངོམས་སའི་ལས་སྟེགས་ཧ་ཅང་ཆེ་བ་མ་ཟད། ད་དུང་ཕུགས་འདུན་མངོན་འགྱུར་བྱེད་པའི་མདུན་ལམ་ཡང་ཧ་ཅང་ཡངས་པོ་ཞིག་རེད། ངས་ཕུགས་འདུན་བཅངས་ནས་ཏན་ཏན་ཏིག་ཏིག་གིས་ལས་དོན་བསྒྲུབ་རྒྱུ་ཡིན། ང་རང་ཕྱིར་ལོག་རྗེས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཡག་པོ་བྱ་རྒྱུ་མ་ཟད། ད་དུང་དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པས་དཀྲིས་པའི་ལས་འགན་དང་འགན་འཁྲི་ཡང་ཏན་ཏིག་འཁུར་རྒྱུ་ཡིན”ཞེས་གསུངས་པ་རེད། འཐུས་མི་ཉི་མ་ལྷ་འཛོམས་ཀྱིས“གཞི་རིམ་གྱི་ལས་བྱེད་པ་ཞིག་གི་ངོས་ནས་ངས་ཏང་ཀྲུང་དབྱང་གི་བླང་བྱ་ལྟར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁོང་དུ་ཆུད་པ་བྱས་ནས། དོན་འཁྱོལ་ལ་དམ་འཛིན་གྱིས་མང་ཚོགས་ཚོའི‘འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག’བཅས་ཀྱི་གནད་དོན་སེམས་ནུས་ཡོད་རྒུས་ཐག་གཅོད་བྱས་ཏེ། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ནང་ཞུགས་ནས་མེས་རྒྱལ་གྱི་ས་ཆ་ཚུན་རེ་རེ་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན”ཞེས་གསུངས་པ་རེད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་དུས་རབས་གསར་པའི་གྲུབ་འབྲས་རླབས་པོ་ཆེ་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་དཀའ་སྤྱད་དང་། དོན་གཉེར། འབད་འཐབ་བཅས་བྱས་ནས་ཐོབ་པ་ཞིག་ཡིན་ཞེས་བསྟན་ཡོད། “དུས་རབས་གསར་པའི་བརྗིད་ཆེའི་འཆར་འགོད་མངོན་འགྱུར་བྱེད་པའི་འགག་རྩ་ནི་བྱ་སྤྱོད་ལ་ཐུག་ཡོད། ཐོན་ལས་བཟོ་པ་ཞིག་ཡིན་པའི་ངོས་ནས་ངས་མུ་མཐུད་འབད་བརྩོན་གྱིས་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་ཏེ། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་གང་ཡོད་འདོན་གྱི་ཡིན”ཞེས་འཐུས་མི་བསྟན་འཛིན་དོན་གྲུབ་ཀྱིས་གསུངས་པ་རེད།

    ཐོག་མའི་བསམ་འདུན་ཡུལ་དུས་ལས་བརྒལ་ནས་ནམ་ཡང་བརྗེད་མི་སྲིད་ལ། ལས་འགན་མུ་མཐུད་ཕྲག་ཏུ་འཁུར་ནས་མི་རྣམས་ལ་མདུན་དུ་བསྐྱོད་རྒྱུར་སྐུལ་མ་ཡང་གཏོང་བཞིན་མཆིས།

    རླབས་ཆེན་བྱ་གཞག་གསར་པ་གཏོད། འབད་འབུངས་ཡར་བརྩོན་དུས་ལ་འབབ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་དཀའ་སྤྱད་སྙིང་རུས་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་གྱིས། ལྷོད་གཡེང་གཏན་ནས་མི་གཏོང་བའི་བསམ་བློའི་འཁྱེར་སོ་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་རྣམ་པའི་ཐོག་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་ཡོང་བའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བོད་ཀྱི་ལེགས་སྐྱེས་འབུལ་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།