དབུ་ཤོག>ཆེད་སྒྲིག
  • གངས་ལྗོངས་ས་མཐོར་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཡུན་དུ་བཞད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-23

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་བཅུ་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་ཁྲོད་ཀྱི་སྤྱིར་བཏང་གཏན་ནས་མིན་པའི་ལོ་བཅུ་ཡིན་པ་དང་། བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་གྱི་བྱ་གཞག་ཁག་ལ་འོད་སྟོང་འབར་བའི་གྲུབ་འབྲས་ཐོབ་པ། ལྷག་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བའི་ལོ་བཅུ་བཅས་རེད།

    ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་རང་ལྗོངས་ཀྱི་འཐུས་མི་ཚོར་བོད་ཀྱི་འཕེལ་རྒྱས་ཡར་ཐོན་ལས་མྱོང་ཚོར་ཟབ་མོ་བྱུང་བ་དང་། མེས་རྒྱལ་དར་རྒྱས་གོང་འཕེལ་ཕྱིན་པ་མིག་མཐོང་ལག་ཟིན་བྱུང་ནས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད།

    མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ཏན་ཏིག་སྤེལ་བ།

    “མི་རིགས་མཐུན་སྒྲིལ་གྱི་སྟོབས་ཤུགས་རྫོགས་མཐའ་མེད”ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཡཱ་ཤཱ་ནི་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་གནས་ཡུལ་གྲོང་ཚོ་ནས་ཡིན་པ་དང་གྲོང་ཚོ་དེའི་ཏང་ཀྲི་པུའི་སྒྲིག་བཤེར་ཨུ་ཡོན་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡིན་ཞིང་། ཡཱ་ཤཱ་ཡིས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་རང་ཉིད་ཀྱི་བྱ་སྤྱོད་ཀྱི་ཚད་གཞིར་འཛིན་ཏེ། མང་ཚོགས་ལ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་ཧུར་ཐག་བརྒྱབ་སྟེ་མི་རིགས་མཐུན་སྒྲིལ་སེམས་ནང་བརྟན་པོར་ངེས་པ་དང་བྱ་སྤྱོད་ཐོག་འཁྱོལ་བ་གནང་གི་ཡོད།

    ལྗོངས་ཡོངས་ནས་བལྟས་ཚེ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ནུས་ལྡན་བཏང་བ་དང་། མི་རིགས་འབྲེལ་བ་ཞི་མཐུན་དང་འཆམ་མཐུན་བྱུང་ནས་སྤྱི་ཚོགས་ཡུན་རིང་བདེ་འཁོད་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད།

    ཡཱ་ཤཱ་ཡིས“ལོ་བཅུའི་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་འབད་འཐབ་བྱས་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱུང་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་བསྐྱོད་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱས་ཚེ་ང་ཚོས་དེ་བས་འོད་སྟོང་འཕྲོ་བའི་ལེའུ་ཞིག་བརྩམས་ཐུབ་ངེས་རེད”ཅེས་གསུངས་པ་རེད།

    མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཐུབ་པར་སྐུལ་འདེད་གཏིང་ཟབ་བཏང་བ།

    མིག་སྔར་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་བོད་ཤར་གཅེས་ནོར་ཆང་ལས་ཚད་ཡོད་ཀུང་སི་འདི་ཉིད་འཚོལ་བསྡུ་དང་། དབྱེ་གསེད། ལས་སྣོན། སྙོལ་བཟོ་བཅས་ཀྱི་བྲེལ་བ་ཚ་ཤོས་དུས་སུ་སླེབས་ཡོད།

    ཨ་རག་སྙོལ་མཁན་ལི་ཧྲེང་པའོ་དང་ཀུང་སིའི་ལས་མི་ཚོས་མཉམ་དུ་ཨ་རག་མ་བསྙལ་གོང་གི་གྲ་སྒྲིག་སྣ་ཚོགས་བྱེད་བཞིན་ཡོད་པ་རེད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་སྨར་ཁམས་རྫོང་བོད་ཤར་གཅེས་ནོར་ཆང་ལས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཆོས་མཚོས་གསར་འགོད་པར“ང་ཚོའི་ཀུང་སིར་བོད་རིགས་དང་། འཇང་རིགས། རྒྱ་རིགས་སོགས་མི་རིགས་8ཀྱི་ལས་བཟོ་30ལྷག་ཙམ་ཡོད་པ་དང་དུས་རྒྱུན་ཚང་མ་མཉམ་དུ་ལས་ཀ་བྱེད་པ་དང་ཕན་ཚུན་རོགས་རམ་བྱས་ནས་ལས་འགན་ཁག་མཉམ་དུ་ལེགས་སྒྲུབ་བྱེད་ཀྱི་ཡོད། ང་ཚོས་ད་དུང་ཆེད་མངགས་མི་རིགས་མཐུན་སྒྲིལ་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་མི་ཚང་མས་མི་རིགས་མཐུན་སྒྲིལ་ལ་མཐོང་ཆེན་བྱེད་པ་དང་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བརྩོན་ལེན་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་རྒྱུར་སྐུལ་འདེད་བཏང་ཡོད”ཅེས་གསུངས་པ་རེད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ལ་དམིགས་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཐུབ་པར་སྐུལ་འདེད་ཤུགས་ཆེན་བཏང་བས་མི་རིགས་ཁག་གི་མང་ཚོགས་ཀྱི་འབྲེལ་བ་ཟབ་ཏུ་དང་ལེགས་སུ་ཕྱིན་ཡོད།

    ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་ཨའོ་ལིའུ་ཆོན་གྱིས་ངོ་སྤྲོད་བྱས་པར། དེ་སྔ་ནས་བཟུང་ཉིང་ཁྲི་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག་དང་འཆར་འགོད་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་གཞི་བརྟན་དུ་གཏོང་བ། དུས་རབས་གསར་པའི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་རྒྱ་ཁྱབ་ངང་འགྲོ་འོང་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་ཡོང་བར་སྐུལ་འདེད་བཏང་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》དང《དུས་རབས་གསར་པའི་བོད་ཀྱི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར》བཟོས་ནས་ལག་བསྟར་བྱས་ཏེ། ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ཀྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་དང་ས་ཁུལ་བདེ་བླག་ངང་འཛུགས་གཏོད་བྱས་པ་དང་། ལྗོངས་ཡོངས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་140དང་དཔེ་བཟང་མི་སྒེར་189ཡོད་པ། རང་སྐྱོང་ལྗོངས་ཀྱི་གཟེངས་བསྟོད་ཐོབ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་1794དང་དཔེ་བཟང་མི་སྒེར་2657ཡོད་པ། ཚན་པ་63 “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཚན་པར”བདམས་པ། རྟེན་གཞི་8“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་རྟེན་གཞིར”བདམས་ཡོད། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་ནས་ཚང་མས་ཕྱར་བ་གྲུ་འདེགས་ཀྱིས་གསོ་སྐྱོང་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ས་མཐོའི་ས་གཞི་ཆེ་མོར་ཡུན་དུ་བཞད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།