དབུ་ཤོག>ཆེད་སྒྲིག
  • དཀའ་སྤྱད་འབད་འཐབ་ཀྱིས་སླར་ཡང་གྲུབ་འབྲས་གསར་པ་གཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-23

    ཉིན་ཤས་བསྟུད་མར་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་པ་མ་ཟད། རང་ངོས་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་གི་མྱོང་ཚོར་ལྷུག་པོར་གླེང་བ་དང་། འབྱུང་འགྱུར་གྱི་འཕེལ་རྒྱས་ཇུས་འགོད་བྱེད་པ། སྤྱིར་བཏང་མིན་པའི་གྲུབ་འབྲས་ཤེས་རྟོགས་བྱེད་པ། འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཡོད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་བསྟན་དོན། གྲོང་གསེབ་དར་རྒྱས་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་བསྟན་ཡོད། “ནག་ཆུ་གྲོང་ཁྱེར་ནི་རང་ལྗོངས་ཀྱི་འབྲོག་ལས་ཐོན་ཁུལ་གལ་ཆེན་ཞིག་རེད། ང་ཚོས‘འབྲོག་ལས་སྟོབས་ཆེན་རྫོང’གི་འཕེལ་རྒྱས་འདུ་ཤེས་ལ་གཞིགས་ནས། ལྷ་རི་རྫོང་གི་ལས་གཏོད་གསར་གཏོད་གླིང་གི་ལས་སྟེགས་མུ་མཐུད་སྤྱད་དེ་དྲ་ཐོག་དང་དྲ་ཕྱིའི་ཐོན་སྐྱེད་དང་ཕྱིར་ཚོང་འབྲེལ་མཐུད་བྱེད་སྟངས་འཛུགས་པ་དང་། ལྗོངས་ཕྱི་ནང་གི་ཁྲོམ་ར་བརྟན་པོའི་ངང་རྒྱ་ཆེར་གཏོང་བ། ཕྱིར་ཚོང་གི“མཐའ་མའི་འགག་གནད”ཤར་བགྲོད། ལྷ་རིའི་ཉང་གཡག་གི་སྤུས་རྟགས་ཧུར་ཐག་གཏོད་པ་བཅས་བྱས་ཏེ། མང་ཚོགས་ཀྱིས་འབྲི་གཡག་གསོ་ཚགས་ལས་ཡོང་འབབ་གསོག་ཐུབ་པ་དང་འཚོ་བ་ཡག་པོ་སྐྱེལ་ཐུབ་པ་བྱ་རྒྱུ་ཡིན”ཞེས་ལྷ་རི་རྫོང་ཉང་གཡག་འབྲི་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨོ་རྒྱན་ཚེ་རིང་གིས་བཤད།

    ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ཨུད་དྲིལ་བསྒྲགས་པུའི་ལས་བྱེད་པ་ཤའོ་ཞའོ་ཡན་གྱིས“ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང‘རིག་གནས་ཀྱི་གདེང་ཚོད་དང་རང་སྟོབས་རང་འཕེལ་ལ་སྐུལ་འདེད་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ལ་འོད་སྣང་གསར་པ་གཏོད་དགོས’ཞེས་བཏོན་འདུག་པས། ང་ལ་ངར་སེམས་ཆེན་པོ་སྐྱེས་བྱུང་ལ་ཡིད་ཆེས་དེ་བས་ཆེ་རུ་ཕྱིན་སོང་། གཞི་རིམ་གྱི་རིག་གནས་དྲིལ་བསྒྲགས་འཐབ་ཕྱོགས་ཀྱི་བློ་མཐུན་ཞིག་གི་ངོས་ནས་ངས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རྣམ་པ་སྣ་ཚོགས་ཀྱི་བྱེད་ཐབས་དང་ཕུན་སུམ་ཚོགས་པའི་གཞི་རྟེན་བརྒྱུད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་དྲིལ་བསྒྲགས་ཡག་པོ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་ཞིང་ནང་དང་མུ་ཁ་དང་ཁྱིམ་ཚང་ཚང་མར་ཁྱབ་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།

    ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་མཁར་སྒང་ཤང་བེའུ་མགོ་གྲོང་ཚོའི་ལས་བྱེད་མང་ཚོགས་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་བྱས་རྗེས། བློ་གཅིག་སེམས་གཅིག་དང་དཀའ་སྤྱད་འབད་བརྩོན་བྱས་ནས་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་དང་གྲོང་ཚོ་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཡོང་བར་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ཀྱིས་བཤད།

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། དུས་རབས་གསར་པའི་གྲུབ་འབྲས་རླབས་པོ་ཆེ་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་འབད་འཐབ་དང་དཀའ་ལས་བརྒྱབ་ནས་བྱུང་བ་ཞིག་རེད་ཅེས་བཏོན་ཡོད།

    “ཉིན་དེ་དག་ནང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་བྱས་པ་ལས་ངར་གྲུབ་འབྲས་མང་པོ་ཐོབ་བྱུང་། ངས་ཏང་འཛུགས་སྐྱོང་གི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་གྲོང་མི་ཡོངས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་མུ་མཐུད་ཁྲིད་སྟོན་བྱས་ཏེ། མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་དང་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བེའུ་མགོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཐང་ཅུན་གྱིས་བཤད།

    གཞིས་རྩེ་གྲོང་ཁྱེར་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་སློབ་སྦྱོང་བྱས་རྗེས། སྤྲོ་སེམས་རབ་ཏུ་འཕེལ་བ་དང་། སེམས་ཤུགས་རབ་ཏུ་རྒྱས་བཞིན། ཚུར་སྣང་ལན་ཆ་ཟབ་མོ་བྱུང་ཡོད། གཏིང་སྐྱེས་རྫོང་གཏིང་སྐྱེས་ཤང་རྨོ་ལུང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་དཀོན་མཆོག་ཆོས་སྒྲོན་གྱིས“གཞི་རིམ་གྱི་ལས་དོན་པ་ཞིག་གི་ངོས་ནས་རྨོ་ལུང་གྲོང་ཚོའི་འགྱུར་ལྡོག་སྐོར་ལ་ངར་མྱོང་ཚོར་ཟབ་མོ་ཡོད། དེ་སྔ་རྫོང་དུ་སླེབས་སྐབས་ཚང་མ་འདམ་བག་ལམ་ཡིན་པ་དང་ད་ཆ་ང་ཚོའི་གྲོང་ཚོའི་ཨར་འདམ་ལམ་ཕྱོགས་བཞི་མཚམས་བརྒྱད་ལ་ཤར་གཏོང་ཐུབ་པ་དང་། མང་ཚོགས་ཀྱིས་རང་འབབ་ཆུ་ཀ་ལ་སྤྱོད་རྒྱུ་བྱུང་བ། གྲོང་ཚོའི་ནང་གི་རིག་གནས་བྱེད་སྒོ་ཕུན་སུམ་ཚོགས་པ་བཅས་གྲོང་མིའི་བསམ་པའི་ཉམས་འགྱུར་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ང་ཚོས་ཏང་དང་མེས་རྒྱལ་གྱི་བཀའ་དྲིན་ཟབ་མོ་ཚོར་བྱུང”ཞེས་བཤད།

    བཞད་མཐོང་སྨོན་རྫོང་ཆབ་ཁ་གྲོང་རྡལ་ཆུ་ནུབ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྟོབས་རྒྱལ་གྱིས“ང་ཚོའི་འཚོ་བ་ཉིན་རེ་བཞིན་ལེགས་སུ་འགྲོ་བ་དེ་ནི་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་ཞིག་ཡིན་པས། ང་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་ངེས་ཡིན”ཞེས་བཤད།

    ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྣེ་གདོང་གྲོང་མི་ཨུ་ལྷན་གྱི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་རྣམ་གྲངས་ཀྱི་ལས་ཡུལ་དུ་རྣམ་གྲངས་ཀྱི་འགན་འཁུར་མཁན་ཕྱོགས་དང་། ལག་རྩལ་པ། བཟོ་པ་བཅས་ཀྱིས་མཉམ་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལ་སློབ་སྦྱོང་བྱེད་བཞིན་འདུག

    རྣམ་གྲངས་དེའི་བཟོ་པ་བསོད་ནམས་ཀྱིས“རྒྱལ་ཁབ་སྟོབས་འབྱོར་ཇེ་ཆེར་ཕྱིན་ཚེ་ང་ཚོའི་འཚོ་བ་གཞི་ནས་ཇེ་ལེགས་སུ་འགྲོ་ངེས་རེད། ལོ་བཅུའི་རིང་ང་ཚོས་ལྷོ་ཁའི་འཕེལ་རྒྱས་ཇེ་ལེགས་སུ་ཕྱིན་པ་དངོས་སུ་མཐོང་བྱུང་། དེ་ནི་ང་ཚོ་ཚང་མས་མཉམ་དུ་འབད་བརྩོན་བྱས་པའི་གྲུབ་འབྲས་ཤིག་རེད། ཏང་གི་སྣེ་ཁྲིད་འོག་སླད་ཕྱིན་ང་ཚོའི་གྲོང་ཁྱེར་དེ་བས་ལེགས་པ་དང་མི་སེར་གྱི་འཚོ་བ་དེ་བས་ཡག་ཏུ་འགྲོ་ངེས་ཡིན་པ་ངར་ཡིད་ཆེས་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།