འདི་ནི་རུ་འབྲིང་དེར“ངའི་སེམས་ནང་གི་ཚོགས་ཆེན་ཉི་ཤུ་པ”ཞེས་པའི་གཏམ་བཤད་འགྲན་བསྡུར་བྱེད་བཞིན་པ།
ཉིན་ཤས་བསྟུད་མར། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ནགས་ཚལ་མེ་ཟོན་རུ་འབྲིང་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་ཞིང་། ཏང་ཞུགས་དམ་བཅའ་བསྐྱར་འཇོག་དང་། གཏམ་བཤད་འགྲན་བསྡུར། ཆེད་དོན་གྲོས་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་ནས་བཀོད་འཐབ་པ་ཡོངས་ཀྱིས་སློབ་སྦྱོང་བྱེད་རིང་འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་ཆེན་པོ་ཤེས་རྟོགས་བྱས་པ་རེད།