
འདི་ནི་འཐུས་མི་ཚེ་རིང་དོན་གྲུབ(མདུན་གྱི་གཡས)ཀྱིས་གྲོས་བསྡུར་ཚོགས་འདུའི་ཐོག་གཏམ་བཤད་གནང་བཞིན་པ།
ཉིན་ཤས་བསྟུད་མར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བོད་ཀྱི་འཐུས་མི་ཚོགས་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ལས་དོན་སྙན་སྒྲོན། ཏང་གི་སྒྲིག་ཡིག་གི་བཟོ་བཅོས་འཆར་ཟིན་བཅས་ལ་སློབ་སྦྱོང་དང་གྲོས་བསྡུར་ནན་ཏན་གནང་བ་རེད།

འདི་ནི་འཐུས་མི་ཚོས་ཚོགས་འདུའི་བར་གསེང་ལ་གྲོས་བསྡུར་དང་སྤེལ་རེས་གནང་བཞིན་པ།
ཉིན་ཤས་རིང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བོད་ཀྱི་འཐུས་མི་ཚོགས་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ལ་སློབ་སྦྱོང་དང་གྲོས་བསྡུར་ནན་ཏན་གནང་བ་རེད།