དབུ་ཤོག>ཆེད་སྒྲིག
  • ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-22

    ཉིན་ཤས་བསྟུད་མར། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བོད་ཀྱི་འཐུས་མི་ཚོགས་པའི་འཐུས་མི་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ཞིབ་ཀློག་ཡང་ཡང་གནང་སྟེ། རྒྱུན་མཐུད་ངང་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་གནང་བ་རེད། འཐུས་མི་ཚོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ནི་རང་རེའི་ཏང་གིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་སྐྱོད་འགོ་ཚུགས་པ་དང་བྱ་གཞག་རླབས་པོ་ཆེ་གསར་པ་གཏོད་པའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཡིན་ལ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྤྱིའི་བཀོད་སྒྲིག་དང་སྤྱིའི་སྐུལ་སློང་ཞིག་ཀྱང་ཡིན་པ་ལས། ལོ་བརྒྱའི་ཏང་ཆེན་པོའི་ངེས་ཤུགས་དང་སྤོབས་པ་དང་མི་རིགས་བསྐྱར་དར་གྱི་བློ་སྟོབས་དང་གདེང་སྤོབས་གང་ལེགས་མངོན་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དོན་སྙིང་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།

    འཐུས་མི་ལིའུ་ཅང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ནི་དར་ཆ་མཐོན་པོར་སྒྲེང་བ་དང་། བརྗོད་དོན་ཁ་གསལ་བ། དགོངས་པ་གཏིང་ཟབ་པ། ནང་དོན་ཕུན་སུམ་ཚོགས་པ། སྤྱི་ཡོངས་གཅིག་འདོམས། འབྱུང་འགྱུར་ལ་སྣེ་ཁྲིད་བཅས་ཀྱི་སྙན་སྒྲོན་ཞིག་ཡིན་ལ། བསམ་བློར་བཅིངས་འགྲོལ་གྱིས་དུས་རབས་ལ་སྣེ་ཁྲིད་བྱེད་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ། མི་སེམས་གཅིག་སྒྲིལ་གྱིས་བློ་སྟོབས་འཕེལ་བར་བྱེད་པ། དགོངས་དོན་བློ་ལ་བརྟན་པོར་ངེས་ནས་འབད་འབུངས་ཡར་བརྩོན་བཅས་བྱེད་པའི་སྙན་སྒྲོན་ཡག་པོ་ཞིག་ཀྱང་ཡིན་པས། ང་ཚོས་ངེས་པར་དུ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། དད་སེམས་བརྟན་གཏོང་དང་དོན་འཁྱོལ་ལ་དམ་འཛིན། ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱེད་རྒྱུ་མཐའ་འཁྱོངས་བཅས་བྱས་ནས། རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ནས་འགོ་བཙུགས་ཏེ་ལྗོངས་ཡོངས་ཀྱི་སྲིད་ཁྲིམས་ལས་དོན་ལ་བསམ་གཞིག་དང་། ཞིབ་འཇུག སྐུལ་འདེད་བཅས་གཏོང་དགོས་ཞེས་གསུངས་པ་རེད།

    འཐུས་མི་ཝང་ཝུའེ་ཏུང་གིས། འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་ལྟེ་བ་དང་སྔོན་ཐོན་གྱི་རིགས་པའི་གཞུང་ལུགས་ཀྱི་བསམ་བློ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་རྩ་བའི་གནས་ས་ཞིག་ཡིན་པས། ངེས་པར་དུ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས། འཐུས་སྒོ་ཚང་བའི་ལྟ་སྐུལ་མ་ལག་དང་ཚན་རིག་དང་མཐུན་པའི་ལམ་བུ་གདམ་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ལོ་རྒྱུས་རང་བཞིན་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པའི་འགག་རྩའི་འདེགས་སྐྱོར་ཞིག་ཡིན་པས། ངེས་པར་དུ་སྒྲིག་བཤེར་ལྟ་ཞིབ་ཀྱི་སྒྲིག་སྲོལ་སྒྱུར་བཅོས་ཐོག་མཐའ་བར་གསུམ་དུ་གཏིང་ཟབ་ཏུ་བཏང་ནས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    འཐུས་མི་ཡཱ་ཤཱ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་སྙན་སྒྲོན་ནི་མི་དམངས་ལ་བརྩེ་སེམས་འཆང་བ་དང་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་སྙན་སྒྲོན་ཞིག་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་འོག ལྷོ་པ་རིགས་ཀྱི་མང་ཚོགས་ཚོ་རྒྱལ་ཡོངས་མི་དམངས་དང་མཉམ་དུ་འབྱོར་འབྲིང་འཚོ་བ་སྐྱེལ་རྒྱུ་བྱུང་བས་ང་ཚོས་སེམས་གཏིང་ནས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་ཚོར་གྱི་འདུག་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།