དབུ་ཤོག>ཆེད་སྒྲིག
  • དུས་རབས་གསར་པར་བོད་ཀྱི་ཡུལ་སྐོར་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-22

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་དང་གྲུབ་འབྲས་སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུར་བར། 2012ལོ་ནས་2021ལོའི་བར། ལྗོངས་ཡོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་25836.81ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་3345.44ཟིན་ཡོད་པ་རེད། 2021ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་རྒྱལ་ཁབ་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁུལ་1དང་། རྒྱལ་ཁབ་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་150(དེའི་ནང་རྒྱལ་ཁབ་ཀྱི་A5རིམ་པའི་མཛེས་ལྗོངས་ཁུལ་5ཚུད་པ)སྐར་མ་རིམ་པའི་གསོལ་མགྲོན་ཁང་178 ཡུལ་སྐོར་ལས་དོན་ཁང་299བཅས་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ལོ་བཅུའི་རིང་། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་ལ་མ་དངུལ་སྒོར་དུང་ཕྱུར་5.8791བཀོད་སྒྲིག་བྱས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་མ་འཇོག་རྣམ་གྲངས་ཁག་328བརྩོན་ལེན་བྱས་པ་དེ་ཀྲུང་དབྱང་གི་སྔོན་རྩིས་དང་ནོར་སྲིད་མ་དངུལ་སྒོར་དུང་ཕྱུར་25.4336ལྷག་ཙམ་དང་འབྲེལ་བ་ཡོད་པ་དང་། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཁག་འཛུགས་སྐྲུན་བྱས་པ་བརྒྱུད་ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་སྟོབས་ཤུགས་ཕྱོགས་ཡོངས་ནས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཐུབ་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རིག་གནས་དང་ཡུལ་སྐོར་པུས་ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་སྔ་རྗེས་སུ་ཡུལ་སྐོར་ཐད་ཀྱི་བོད་སྐྱོར་ལས་བྱེད་པ་དང་རིགས་གཅིག་མཁས་ཅན་བརྒྱ་ལྷག་ཙམ་བོད་དུ་ལས་དོན་སྤེལ་བར་མངགས་གཏོང་བྱས་ཏེ་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ཁག་17གྱི་བོད་སྐྱོར་ཡུལ་སྐོར་སྣེ་ཤན་པའི་འདེམས་གཏོང་བྱས་པ་རེད། ཁག་17གྱི་བོད་སྐྱོར་ཡུལ་སྐོར་སྣེ་ཤན་པས་ཁྱོན་ཡུལ་སྐོར་ཚོགས་པ་14787ལ་སྣེ་ལེན་ཞུས་པ་དང་། ཡུལ་སྐོར་བ་མི་ཐེངས་ཁྲི་15.31ལ་ཞབས་འདེགས་ཞུས་པ། ཡུལ་སྐོར་ཚོགས་པ་འཁྲིད་པའི་ཉིན་གྲངས་ཁྲི་8.19ཟིན་པ་བཅས་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་སྐུལ་ཁྲིད་བྱེད་ཤུགས་མུ་མཐུད་རྒྱུན་འཁྱོངས་བྱས་པ་དང་། ལྷག་པར་དུ་གྲོང་གསེབ་ཀྱི་སོས་དལ་ཡུལ་སྐོར་འཕེལ་རྒྱས་འགྲོ་བའི་གོ་སྐབས་ལ་བརྟེན་ནས། ཡུལ་སྐོར་ལས་རིགས་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་པ་དང་། འཕར་རྒྱུ་བརྟན་པོ། ནང་མཁོ་རྒྱ་སྐྱེད། དམངས་འཚོར་ཕན་འདོགས་པ་སོགས་ཐད་ཀྱི་ཕྱོགས་བསྡུས་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། ཡུལ་བབ་དང་བསྟུན་ནས་སོས་དལ་དང་། ལྟ་སྐོར། སྤྲོ་གསེང་། ལུས་གསོ་སོགས་གཞི་གཅིག་ཅན་གྱི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་བཏང་བ། རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་རྒྱུན་མཐུད་རོགས་སྐྱོར་བཅས་བྱས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་གི་གཙོ་གནད་གྲོང་ཚོའི་ཞིང་པའི(འབྲོག་པ)སྤྲོ་སྐྱིད་ཁང“སྒྱུར་བཀོད་གསུམ་དང་བཅོས་སྒྲིག་གཅིག”གི་འདུ་འགོད་ཁག་713ལེགས་སྒྲུབ་བྱས་པ་དང་། ཡུལ་སྐོར་སྣེ་ལེན་གྱི་ནུས་པ་ལྡན་པའི་གྲོང་གསེབ་ཀྱི་ཡུལ་སྐོར་ས་ཚིགས་292བསྐྲུན་པ། རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་ཚོ་35དང་རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གཙོ་གནད་གྲོང་རྡལ་3གྲུབ་འབྲས་ཐོབ་པའི་ངང་བཏོད་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་ཐད་ཀར་དང་གཞན་བརྒྱུད་ཐོག་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་7.5དབུལ་སྒྲོལ་ཐུབ་རྒྱུར་རོགས་རམ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།