དབུ་ཤོག>ཆེད་སྒྲིག
  • བོད་ཤར་གྱི་མུ་ཏིག་ལ་དེ་བས་བཀྲག་མདངས་འཚེར་བར་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-21

    ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་བརྟེན་ནས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་འབོད་སྐུལ་བྱས་པ་དང་། སྙན་སྒྲོན་ཧྲིལ་པོ་ལས་མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་འོད་སྟོང་འཕྲོ་བཞིན་ཡོད་ལ། དེའི་དགོངས་པ་གཏིང་ཟབ་ཅིང་། ང་ཚོས་འབད་འབུངས་ཡར་བརྩོན་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད་པས། ང་ཚོས་ལས་དོན་ཁག་ཡག་པོ་སྒྲུབ་པར་མཛུབ་ཁྲིད་བྱེད་པའི་ཚན་རིག་དང་མཐུན་པའི་ཕྱོགས་སྟོན་ཞིག་རེད་ཅེས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཆབ་མདོ་གྲོང་ཨུད་ཀྱི་ཧྲུའུ་ཅི་ཀུང་ཧུའེ་ཚའེ་ཡིས་གསུངས། ཁོང་གིས། བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་བརྒྱུད། ཆབ་མདོའི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཚེ། བསམ་འདུན་མངོན་འགྱུར་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་གསུངས།

    640.jpg

    ཆབ་མདོ་གྲོང་ཁྱེར་གྱི་མཛེས་ལྗོངས།

    640 (1).jpg

    ཆབ་མདོའི་མང་ཚོགས་ཀྱིས་གླུ་ལེན་གར་འཁྲབ་བྱེད་བཞིན་པ།

    “གདེང་ཚོད་ཀྱི་གདིང་ཤུགས་ནི་གྲུབ་འབྲས་ཀྱི་ལག་ལེན་དངོས་ལས་བྱུང་བ་ཞིག་རེད” ཀུང་ཧུའེ་ཚའེ་ཡིས་ལོ་བཅུའི་རིང་ཆབ་མདོ་གྲོང་ཁྱེར་གྱིས་བྱ་སྤྱོད་དངོས་ལ་བརྟེན་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་དང་སྤྱི་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས། ཏང་དང་མང་ཚོགས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཕུལ་ཡོད། 2021ལོར་ཆབ་མདོ་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་279.24ཟིན་པ་དེ་2012ལོའི་ལྡབ་3.11ཡིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར་40586དང་15159ཟིན་པ་དེ་2012ལོའི་ལྡབ་2.6དང་3.06ཡིན་པ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་དང་། རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར། རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར། རྒྱལ་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་དཔེ་སྟོན་གྲོང་ཁྱེར། རང་སྐྱོང་ལྗོངས་རིམ་པའི་སྐྱེད་ཚལ་གྲོང་ཁྱེར། རང་སྐྱོང་ལྗོངས་རིམ་པའི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར་བཅས་དངོས་སུ་འཛུགས་གཏོད་ཐུབ་ཡོད་ལ། རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ཚོད་ལྟའི་གྲོང་ཁྱེར་མགྱོགས་པོ་བསྐྲུན་ཡོད་ཅེས་གསུངས།

    640 (2).jpg

    ལྷོ་རོང་རྫོང་སྔ་ཐོན་སྒང་འབྱོར་འབྲིང་གྲོང་ཚོ་གསར་པ། 

    640 (3).jpg

    བྲག་གཡབ་རྫོང་གི་རྣམ་པ་གསར་པ། 

    640 (4).jpg

    འཇོ་མདའ་རྫོང་གྲོང་གི་མཛེས་ལྗོངས།

    ཀུང་ཧུའེ་ཚའེ་ཡིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཆབ་མདོ་གྲོང་ཁྱེར་གྱི་བྱེད་ནུས་བཀོད་སྒྲིག་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་། གྲོང་ཁྱེར་གྱི་སྒྲིག་བཀོད་དང་སྤྱི་པའི་ལེ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་པ། ཚོང་དོན་ཟོག་འགྲེམས་དར་རྒྱས་གོང་འཕེལ་ཕྱིན་པ། གྲོང་ཁྱེར་ཞིབ་ཚགས་ཅན་གྱི་དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། གྲོང་ཁྱེར་གྱི་གྲོང་མིའི་ཤེས་དཔལ་བྱང་ཚད་མཐོ་རུ་ཕྱིན་པ་དང་འཚོ་བའི་སྤུས་ཚད་ལེགས་སུ་ཆེན་པོ་ཕྱིན་ཡོད་ཅེས་གསུངས། 

    640 (5).jpg

    ཆབ་མདོ་གྲོང་ཁྱེར་གྱི་མྱུར་བགྲོད་གཞུང་ལམ།

    640 (6).jpg

    མགོན་མདོ་ཆུ་ཤུགས་གློག་ཁང་།

    640 (7).jpg

    ཁྲོན་བོད་དྲ་སྦྲེལ་འདུ་འགོད་ཀྱི་གློག་སྐུད།

    640 (8).jpg

    ཆབ་མདོ་གྲོང་ཁྱེར་གྱི་མཚན་ལྗོངས།

    ཀུང་ཧུའེ་ཚའེ་ཡིས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་དམིགས་པ་དང་། ལས་ཀའི་ལམ་ལུགས་དང་ལམ་སྲོལ་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ། སྲུང་སྐྱོང་དང་སླར་གསོ་གལ་ཆེ་མཉམ་འཛིན། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་དམ་འཛིན་ནན་པོ། སྐྱེ་ཁམས་དམངས་ཕན་ལ་སྐུལ་འདེད། གནད་དོན་བཅོས་སྒྲིག་ལ་དམ་འཛིན་ནན་པོ་བཅས་བྱས་ཡོད། མིག་སྔའི་བར། ཆབ་མདོ་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་2དང་། དཔེ་སྟོན་ཤང་དང་གྲོང་རྡལ་58 གྲོང་ཚོ(གྲོང་ལྷན)528བཅས་གྲུབ་འབྲས་ཐོབ་པའི་ངང་འཛུགས་གཏོད་བྱས་པ་དང་དུས་མཚུངས། ས་ཁོངས་ཡུལ་སྐོར་ཐོན་ཁུངས་ཆེན་པོ་མཉམ་སྤྱོད་དང་། རྨང་གཞིའི་སྒྲིག་བཀོད་ཆེན་པོ་མཉམ་སྐྲུན། ཡུལ་སྐོར་ཁྲོམ་ར་ཆེན་པོ་མཉམ་སྤྱོད་བཅས་ལ་གཞི་ཚུགས་པ་དང་། རྒྱལ་ལམ་318དང་། 317  214  349སོགས་གཞུང་ལམ་ཨ་མ་སྒྱུར་བཀོད་དང“ཡུལ་སྐོར་+”འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། ཇ་རྟའི་གཞུང་ལམ་གྱི་དཔལ་འབྱོར་དང་རིག་གནས་ཡུལ་སྐོར་ཁུལ་བཏོད་ནས། བོད་ཡུན་དང་། བོད་ཁྲོན། བོད་མཚོ་བཅས་བགྲོད་ལམ་གྱི་ཡུལ་སྐོར་དཔལ་འབྱོར་གཅིག་མཐུན་འདུས་གྲུབ་སྐྲུན་པར་མཉམ་དུ་སྐུལ་འདེད་བཏང་བ་དང་། ཤམ་བྷ་ལ་·ཇ་རྟའི་གནའ་ལམ་རིག་གནས་ཡུལ་སྐོར་ལྟེ་བའི་ཉམས་ལེན་ཁུལ་བཏོད་པ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་དཔེ་སྟོན་ཁུལ་སྐྲུན་པར་སྐུལ་འདེད་བཏང་ནས། ཆབ་མདོའི་རིག་གནས་ཡུལ་སྐོར་ཁམས་གསོའི་ས་ཁོངས་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་སྐད་གྲགས་ཆོད་ཚད་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད་ཅེས་གསུངས་པ་རེད། 

    640 (9).jpg

    དཔལ་འབར་རྫོང་གི་མདོག་གསུམ་མཚོ།

    640 (10).jpg

    དཔའ་ཤོད་རྫོང་གི་ལ་སྒོ་འཁྱགས་རོམ། 

    ཀུང་ཧུའེ་ཚའེ་ཡིས། གོམ་སྟབས་རྗེས་མར་ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རང་འགུལ་ངང་ཆབ་མདོའི་ལས་དོན་ལྗོངས་ཡོངས་དང་རྒྱལ་ཡོངས་སྤྱི་ཡོངས་ཀྱི་ཁྲོད་དུ་བཞག་ནས་བསམ་གཞིག་དང་ཇུས་འགོད། ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གལ་ཆེན་སྔར་བས་དོན་འཁྱོལ་ཞིབ་ཕྲ། “དོན་ཆེན་བཞི”ལ་དམིགས་པ་དང“གསར་གཏོད་བཞི”ལ་དམ་འཛིན་བྱས་ནས། ཆབ་མདོ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།