དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་འཐུས་མི་ཚོགས་པས་གསུངས་དོན། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱེད་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2022-10-21

    0b611008-7135-4eb3-991c-d861440b3c45.jpg.jpg

    འདི་ནི་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲོང་ཡན་གྱིས་གསར་འགོད་པའི་དྲི་བར་ལན་སྐྱོན་བཞིན་པ།

    “ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་མཐའ་མཚམས་གྲངས་ཉུང་མི་རིགས་ཀྱི་མདུན་སྐྱོད་ཁ་ཕྱོགས་གསལ་སྟོན་བྱས་ཡོད་པས་ང་ཚོར་ལྕག་སྐུལ་ཆེན་པོ་ཐེབས་བྱུང”ཞེས་བོད་ཀྱི་འཐུས་མི་ཚོགས་པའི་གསར་འགྱུར་མགྲིན་ཚབ་པ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲོང་ཡན་གྱིས་མཉམ་སྡེབ་བཅར་འདྲི་དང་ལེན་གནང་སྐབས། བོད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ཐད་གསལ་སྟོན་གནང་བའི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་མཐའ་གཅིག་ཏུ་བྱས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྤེལ་ཁུལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས། རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་བཅས་འཛུགས་གཏོད་ཧུར་ཐག་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་ཞེས་གསུངས་པ་རེད།

    ཀྲོང་ཡན་གྱིས་ངོ་སྤྲོད་གནང་དོན། བོད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་འདུ་འགོད་སོགས“འདུ་འགོད་ཆེན་པོ་བཞི”དང་མཛེས་སྡུག་ལྡན་པའི་མཐའ་མཚམས་བློ་གཅིག་སེམས་གཅིག་ངང་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་སོགས”བྱ་སྤྱོད་ཁག་དྲུག”ལག་བསྟར་གཏིང་ཟབ་བྱས་པ་མ་ཟད། ད་དུང་མཐའ་དར་དམངས་ཕྱུག་དང་མཐའ་སྲུང་མཐའ་བརྟན་གྱི་འདུ་འགོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་624བསྐྲུན་པ་དང་། མཐའ་མཚམས་མི་རིགས་ཁག་གི་མང་ཚོགས་ལ་སྡོད་ཁང་ཡོད་པ་དང་། ལས་ཀ་ཡོད་པ། ཡོང་འབབ་ཡོད་པ་བཅས་བྱུང་ཡོད།

    བོད་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་ཞིང་། ཀྲོང་ཡན་གྱིས་ང་ཚོས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནན་པོ་བསྲུངས་ནས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་50%ཡན་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ཁྱབ་ཁོངས་ནང་བཅུག་པ་དང་། “མཐོ་བ་གསུམ”གྱི་ཁེ་ལས་དང་རྣམ་གྲངས་ནང་འདྲེན་ལ་ཞིབ་མཆན་གཏན་ནས་བཀོད་མེད་ལ་ཁོར་ཡུག་བློས་གཏོང་རིན་དོད་དུ་བྱས་ཏེ་གནས་སྐབས་ཀྱི་ཁེ་ཕན་དོན་གཉེར་གཏན་ནས་བྱེད་མི་རུང་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།