དབུ་ཤོག>ཆེད་སྒྲིག
  • འཐུས་མི་ཚེ་རིང་ལྷ་མོས་གསུངས་དོན། ཕྲུ་གུ་ཚང་མས་སྤུས་ལེགས་ཀྱི་སློབ་གསོ་ལོངས་སུ་སྤྱོད་ཐུབ་པ་བྱེད་ཀྱི་ཡིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  索朗旺堆   |     སྤེལ་དུས།  2022-10-21

    “ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་སློབ་ཞུགས་གོང་གི་སློབ་གསོ་དང་དམིགས་བསལ་སློབ་གསོ་ཀུན་ཕན་ཅན་དུ་འཕེལ་རྒྱས་གཏོང་བར་ཤུགས་རྒྱག་དགོས་ཞེས་བཏོན་གནང་ཡོད། དེ་ཐོས་རྗེས་ང་རང་ཧ་ཅང་དགའ་པོ་བྱུང་ལ་སྐུལ་མ་ཡང་ཆེན་པོ་ཐེབས་བྱུང”ཞེས་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་སྤྱི་དང་འཐུས་མི་ཚེ་རིང་ལྷ་མོས་གསུངས། ཁོང་གིས་དམིགས་བསལ་སློབ་གསོ་ནི་དམངས་ཡོངས་ཀྱི་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་རེད། ད་ཆ་དབང་སྐྱོན་བྱིས་པ་གདེང་ཚོད་ཀྱིས་ཁེངས་བཞིན་སློབ་ཁང་དུ་སློབ་སྦྱོང་བྱེད་ཐུབ་པ་དང་། སློབ་ཆེན་འགྲིམ་ཐུབ་པ་དང་། ལས་ཞུགས་ལས་གཏོད་ཐུབ་པ། བདེ་སྐྱིད་ངང་འཚར་ལོངས་ཐུབ་པ། སྤྱི་ཚོགས་དང་མཉམ་འདྲེས་ཐུབ་པ། སྤྱི་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པ་བཅས་བྱུང་ཡོད་ཅེས་གསུངས་པ་རེད།

    ཚེ་རིང་ལྷ་མོས། ནག་ཆུ་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭ་2013ལོར་བཙུགས་པ་དང་སློབ་གྲྭས་གཅིག་སྡུད་སློབ་ཁྲིད་དང་། དྲག་སྐྱེད་སྦྱོང་བརྡར། ལས་རིགས་སློབ་གསོ་བཅས“ཕྱོགས་གསུམ་གཞི་གཅིག”གི་སློབ་གཉེར་བྱེད་སྟངས་བརྒྱུད། ཕྲུ་གུ་ཚོ་དེ་བས་ལེགས་པའི་ངང་འཚར་ལོངས་ཡོང་བ་དང་འབྲེལ་སྤྱི་ཚོགས་དང་མཉམ་འདྲེས་ཐུབ་པ་བྱས་ཡོད། ལོ་འདི་དག་རིང་གི་སློབ་གསོའི་ལག་ལེན་བརྒྱུད། སློབ་མ་ཚོས་ལག་རྩལ་སྣ་གཅིག་དང་འཚོ་གནས་ཀྱི་རྩལ་ནུས་ཁོང་དུ་ཆུད་པ་མ་ཟད། ད་དུང་ལུས་བདེ་སེམས་སྐྱིད་བྱུང་སྟེ་མ་འོངས་ཀྱི་འཚོ་བར་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ང་ཚོས་མུ་མཐུད་ལས་གནས་བརྟན་སྲུང་བྱེད་པ་དང་། “བཞི་ལྡན”དགེ་རྒན་བཟང་པོའི་ཚད་གཞིར་བརྟེན་ནས་ཕུགས་འདུན་དོན་གཉེར་དང་མི་སྣ་གསོ་སྐྱོང་གི་འགན་འཁྲི་འཁུར་བ། ཕྲུ་གུ་བདེ་ཐང་ངང་འཚར་ལོངས་ཡོང་ཆེད་སེམས་ནུས་ཡོད་རྒུ་འདོན་པ་བཅས་བྱས་ནས་ཕྲུ་གུ་ཚང་མས་སྤུས་ལེགས་ཀྱི་སློབ་གསོ་ལོངས་སུ་སྤྱོད་ཐུབ་པ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།