རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པས་རང་ལྗོངས་ལ་རང་བྱུང་སྲུང་སྐྱོང་ཁུལ་སྣ་ཚོགས་47ཡོད་པའི་ནང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་11དང་། རང་སྐྱོང་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་12 གྲོང་ཁྱེར་དང་རྫོང་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་24བཅས་ཡོད་པ་དེ་དག་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་ཁྲི་41.22ཟིན་ཡོད། འདི་ནི་གནམ་མཚོའི་ཟུར་ཞིག་ཡིན་པ།
རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་སྲོག་ཆགས་གསའ་ཇེ་མང་དུ་འགྲོ་བཞིན་ཡོད། འདི་ནི་2022ལོའི་ཟླ་གསུམ་པར་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་གནང་དགོན་གྱི་རྒྱབ་རིར་འཚོ་བཞིན་པའི་གསའ་ཡིན་པ།
རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོར་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་དང་ཞིབ་འཇུག་བྱེད་ཐེངས་གཉིས་པར་གཞོགས་འདེགས་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གང་མགྱོགས་བསྐྲུན་པར་རམ་འདེགས་བྱས་ཡོད། འདི་ནི་2022ལོའི་ཟླ་5ཚེས་4ཉིན་ཇོ་མོ་གླང་མའི་རི་རྩེར་འཛེག་མཁན་ཚན་རིག་རྟོག་ཞིབ་རུ་མིས་ཇོ་མོ་གླང་མའི་མཐོ་ཚད་སྨི་8830ཡི་སར་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་རང་འགུལ་གནམ་གཤིས་ས་ཚིགས་བདེ་བླག་ངང་འཛུགས་བཞིན་པ།
སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ནུས་ལྡན་བྱུང་ཞིང་། འདི་ནི་རྒྱལ་ཁབ་རིམ་པའི་བྱང་ཐང་རང་བྱུང་སྲུང་སྐྱོང་ཁུལ་གྱི་གཙོད་ཡིན་པ།
འདི་ནི་ལྷུན་གྲུབ་རྫོང་སྟག་མགོ་ཆུ་མཛོད་རྒྱུད་དུ་འཚོ་བཞིན་པའི་ཁྲུང་ཁྲུང་སྐེ་ནག་ཡིན་པ།
རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་མུ་མཐུད་སྤེལ་བས་མཛེས་སྡུག་ལྡན་པའི་བོད་ཀྱི་སྐྱེ་ཁམས་མུ་མཐུད་ཡག་ཏུ་འགྲོ་བཞིན་ཡོད། 2021ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་ནགས་ཚལ་ཁེབས་ཚད་12.31%དང་། རྩྭ་ཐང་ལ་ཕྱོགས་བསྡུས་རྩི་ཤིང་ཁེབས་ཚད་47.53% ལྗོངས་ཡོངས་ཀྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་ཚད་99.8% ས་ངོས་ཀྱི་ཆུའི་སྤུས་ཚད་ཚད་གཞི་ལོན་ཚད་100%བཅས་ཟིན་ཡོད། འདི་ནི་ཡར་ཀླུང་གཙང་པོའི་ལྷོ་ཁའི་རྒྱུད་དུ་ཤིང་འཛུགས་ནགས་བཟོ་བྱས་ནས་ཆགས་པའི་རིང་ཚད་ལ་སྤྱི་ལེ་160དང་ཞེང་ཚད་ལ་ཆ་སྙོམས་སྤྱི་ལེ་1.8ཟིན་པའི་སྔོ་ལྗང་ཁྱམས་རིང་ཡིན་པ།
འདི་ནི་སྒེར་རྩེ་རྫོང་ཡག་ར་ཤང་གི་རྩྭ་ཐང་དུ་འཚོ་བཞིན་པའི་འབྲོང་ཡིན་པ།
“མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་ཡིན་པ”མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་སྐུལ་འདེད་གཏོང་བ་དང་། ས་མཐོའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ཀྱི་སྒོ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཡོད།