དབུ་ཤོག>ཆེད་སྒྲིག
  • ​ཏང་གི་ཚོགས་ཆེན་ཉི་ཤུ་པའི་བོད་ཀྱི་འཐུས་མི་ཚོགས་པས“འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པའི”བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-20

    9764c269-f226-4da9-90a3-d857acb9ac8c.jpg (1).jpg

    འདི་ནི་ཟླ་10ཚེས་17ཉིན་གྱི་དགོང་མོར། ཚོགས་ཆེན་གྱི་བཀོད་སྒྲིག་གཞིར་བཟུང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བོད་ཀྱི་འཐུས་མི་ཚོགས་པས་པེ་ཅིང་འགྲེམས་སྟོན་ཁང་དུ“འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པའི”བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་ལ་མཉམ་དུ་གཟིགས་སྐོར་གནང་བཞིན་པ།

    ཚེས་17ཉིན་གྱི་ཕྱི་དྲོར། ཚོགས་ཆེན་གྱི་བཀོད་སྒྲིག་གཞིར་བཟུང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བོད་ཀྱི་འཐུས་མི་ཚོགས་པས་པེ་ཅིང་འགྲེམས་སྟོན་ཁང་དུ“འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པའི”བརྗོད་དོན་གཙོ་བོའི་གྲུབ་འབྲས་འགྲེམས་སྟོན་ལ་མཉམ་དུ་གཟིགས་སྐོར་གནང་བ་ལས། དུས་རབས་གསར་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་མྱོང་ཚོར་ཟབ་མོ་བྱུང་བ་མ་ཟད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གང་མགྱོགས་བྱེད་པའི་ཡིད་ཆེས་དང་ཆོད་སེམས་ཀྱང་བརྟན་དུ་ཕྱིན་ཡོད་པ་རེད།

    འཐུས་མི་ཚོས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་འགྲེམས་སྟོན་ལྟ་སྐོར་གྱི་བརྒྱུད་རིམ་ལྟར་འགྲེམས་ཁུལ་རེ་རེ་བཞིན་ལ་བསྐྱོད་དེ། ནན་ཏན་ངང་འགྲེལ་བཤད་གསན་པ་དང་འགྲེམས་སྟོན་ལ་གཟིགས་པས། རླབས་ཆེན་གྱི་གྲུབ་འབྲས་ལ་མྱོང་ཚོར་ཟབ་མོ་བྱུང་བ་དང་འབྲེལ་འབད་འབུངས་ཀྱི་སྟོབས་ཤུགས་བསྡུ་ལེན་ཐུབ་ཡོད། འགྲེམས་སྟོན་དུ“འབད་འབུངས་ཡར་བརྩོན་གྱི་དུས་རབས་གསར་པ”ཡི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་རྒྱལ་སྲིད་སྐྱོང་ལུགས་གཙོ་རྐང་དུ་བྱེད་པ་དང། དུས་རབས་གསར་པའི་ལོ་བཅུའི་རིང་གི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་དང་འཕོ་འགྱུར་རླབས་པོ་ཆེར་དམིགས་ནས། པར་རིས་དང་། དངོས་པོ། འདྲ་དཔེ་སོགས་འགྲེམས་སྟོན་གྱི་འགྲེམས་རྫས་གཙོ་བོ་6000ལྷག་ཙམ་ལ་བརྟེན་ནས། ཚོགས་ཆེན་བཅོ་བརྒྱད་པ་ཚུན་གྱི་ཏང་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་སྤྱིར་བཏང་གཏན་ནས་མིན་པའི་ལོ་བཅུར་གསོན་ཉམས་དོད་པོས་གསལ་བཤད་བྱས་ཡོད་ཅིང་། དུས་རབས་གསར་པའི་ཀྲུང་གོའི་ས་གཞི་ཆེ་མོའི་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་གསོན་ཤུགས་ཀྱིས་ཁེངས་པའི་རྣམ་པ་ཟབ་མོ་ཚང་མར་མྱོང་ཚོར་གཏིང་ཟབ་བྱུང་ཡོད།

     བོད་ལྗོངས་འགྲེམས་ཁུལ་དུ་འཐུས་མི་ཚོས་གཟིགས་ཞིབ་ཡང་ཡང་གནང་བ་དང་འབྲེལ་ཡོད་གནས་ཚུལ་བཀའ་འདྲི་གནང་བ་མ་ཟད། རང་ཉིད་ཀྱི་ལས་ཀ་དང་འཚོ་བའི་ཉམས་མྱོང་དངོས་དང་ཟུང་འབྲེལ་བྱས་ཏེ་མྱོང་ཚོར་མཉམ་སྤྱོད་ཀྱང་གནང་བ་རེད། ཚང་མས་དུས་རབས་གསར་པའི་ལོ་བཅུའི་རིང་། བོད་ཀྱིས་རྒྱལ་ཡོངས་དང་མཉམ་དུ་དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ་དང་དུས་བཀག་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པས། བྱ་གཞག་ཁག་ལ་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་རབ་དང་རིམ་པ་ཐོབ་པ་དང་། གངས་ལྗོངས་ས་མཐོར་མཛེས་སྡུག་ལྡན་ཞིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་གསར་པ་མངོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་ལེན་པའི་གདེང་ཚོད་དང་ཆོད་སེམས་སྔར་བས་ཆེ་རུ་ཕྱིན་པའི་ངོས་འཛིན་གཅིག་མཐུན་གནང་བ་རེད།

    བོད་ཀྱི་འཐུས་མི་ཚོགས་པའི་ཚོགས་གཙོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་གསལ་བཏོན་གནང་བའི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞིར”དམ་པོར་དམིགས་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་ཞིང་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་དང་དོན་འཁྱོལ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལ་ཤུགས་སྣོན། ས་མཐོའི་དཔལ་འབྱོར་སྤུས་དག་གོང་འཕེལ་གཏོང་བའི་སྔོན་སྤེལ་ཁུལ་འཛུགས་གཏོད་ལ་ཤུགས་སྣོན། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན། རྒྱལ་ཁབ་ཀྱི་མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་འཛུགས་གཏོད་ལ་ཤུགས་སྣོན། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་དང་འབད་འཐབ་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།