དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་འཐུས་མི་ཚོགས་པའི་གྲོས་ཚོགས་ལ་འཐུས་མི་ཚོས་འདི་འདྲ་གསུངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-19

    ཚེས་18ཉིན། ཏང་གི་ཚོགས་ཆེན་ཉི་ཤུ་པའི་བོད་ཀྱི་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ལས་དོན་སྙན་སྒྲོན་དང་ཏང་གི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་ལ་གྲོས་བསྡུར་གནང་བ་རེད། འཐུས་མི་ཚོགས་པའི་ཚོགས་གཙོ་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འཐུས་མི་ཚོགས་པའི་འཐུས་མི་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱེད་རྒྱུ་མཐའ་འཁྱོངས་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ། དུས་དང་རྣམ་པ་ཀུན་ཏུ“ངེས་པར་དུ་གསུམ”བློ་ལ་བརྟན་པོར་ངེས་པ། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས།

    微信图片_20221019191817.jpg

    ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བཞིན་པ།

    微信图片_20221019191822.jpg

    ཚོགས་ར།

    འཐུས་མི་ཚོས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་བྱེད་པར་དམིགས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་སུ་བཅུག་ནས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ལ་སྤྱི་འདོམས་དང་། གྲི་དངོ་ནང་གཏད་མཐའ་འཁྱོངས། ཏང་སྲོལ་ལ་གཅིག་སྡུད་དག་ཐེར། རུལ་སུངས་ལ་ཆད་པ་གཅོད་པ། རྒྱུན་འཁྱོངས་ལྷོད་མེད་ངང་སྤྱོད་བཟང་སྒྲིག་ནན་ཡོང་བ་བཅས་བྱས་ཏེ། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས“སྤྱོད་ཚུལ་བཞི”ལ་ཡོ་བསྲང་དག་ཐེར་དང་། སྔར་འབྱུང་མ་མྱོང་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་ནས།  “མི་སྟོང་ཕྲག་ལ་ཕོག་ཐུག་བཏང་ཡང་། མི་དུང་ཕྱུར་བཅུ་བཞིའི་རེ་བ་ཆུད་ཟོས་སུ་མི་གཏོང་བའི”འགན་འཁྲི་འཁུར་སེམས་མཚོན་པར་བྱས་པས།  མི་དམངས་མང་ཚོགས་ཀྱིས་སྙིང་དབུས་ནས་བསྔགས་བརྗོད་བྱེད་པ་དང་། ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་བསམ་པའི་གོ་རྟོགས་གསར་པ་གཏོད་ཐུབ་པ། ཏང་ལ་རང་ངོས་གསར་བརྗེར་བརྟེན་ནས་ལོ་རྒྱུས་ཀྱི་དུས་འཁོར་ལས་ཐར་བར་བྱེད་པའི་ལེགས་གྲུབ་ལྡན་པའི་ཐབས་ལམ་འཚོལ་ཞིབ་ཐུབ་ཡོད། དེས་ན། ཏང་སྲོལ་དང་སྲིད་སྲོལ་ལ་རྣམ་པ་གསར་པ་ཐོན་པ་དང་། ཏང་སེམས་དང་དམངས་སེམས་སྔར་བས་འཕེལ་ཏེ། ཏང་འཛུགས་སྐྱོང་གི་ལོ་རྒྱུས་ཐོག་བསྐལ་བརྒྱའི་བར་མཛེས་སྡུག་རྣམ་པར་བཀྲ་བའི་བྱས་རྗེས་རླབས་པོ་ཆེ་བཞག་ཡོད།

    ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ཡོད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ནམ་ཡང་ཚར་དུས་མེད་པའི་ལྟེ་བའི་དོན་སྙིང་དང་ཕུན་སུམ་ཚོགས་པའི་ནང་དོན་ལ་རྒྱས་བཤད་གཏིང་ཟབ་བྱས་པ་དེ་ནི། ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་བའི་དོན་དངོས་དང་རྦད་དེ་མཐུན་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་དུས་རབས་ཀྱི་བླང་བྱ་དང་རྦད་དེ་མཐུན་ཡོད་པ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་འདུན་དང་རྦད་དེ་མཐུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།